e-texts navigator
Collection
Volume
Page
Wylie

10a1 གཞན་གྱི་ཀཱ་དག་གང་ལ་མཐོང་།། ཞེས་གསུངསོ།། དེ་ནས་དང་དངས་ཁྱེའུ་ཆུང་གིས།། སངས་རྒྱས་ཀུན་གྱི་བཅུད་གསུངས་པ།། ཆོས་རྣམས་ཀུན་གྱི་སྙིང་པོ་འདི།། གསེར་དང་མཁའ་བཞིན་མ
10a2 འགྱུར་བས། མི་ནུབ་གཏེར་བྲལ་མེད་པའི་ཕྱིར།། ཆོས་ཀྱི་དམ་པ་ཆེན་པོ་མཆོག། ཅེས་གསུངསོ།། དེ་ནས་དང་དངས་རིམ་ཆེན་གྱིས།། སངས་རྒྱས་ཐུགས་ཀྱིས་བཅུད་གསུངས་པ།། མི་འགྱུར་ན་མཁའི་རང་བཞིན།
10a3 པེདེར་དག་པ་དག་ལ་དག་པ་ཉིད།། རྟོག་པ་རྟོགས་པས་རྟོག་པར་སྣང་།། སྤྱི་འདུས་དེར་སྣང་ཅི་ཡང་མེད།། ཅེས་གསུངསོ།། དྲི་མེད་རྣམ་དག་དགོངས་གསུངས་པ།། རང་བཞིན་ཀ་དག་མ་བཅོས་པ།། ཡོངས་ཀྱི་འོད་ལ
10a4 དེ་བཞིད་ཉིད།། ཀུན་གྱི་སྙིང་པོ་དེ་ཉིད་བས།། ཅིས་ཀྱང་མ་སྒྲིབས་ན་མཁའ་ཚོ།། ཞེས་གསུངས་སོ།། ཞེན་མེད་དང་དངས་བཅུད་གསུངས་པ།། སྟོང་པ་ཉིད་ཀྱི་སྙིང་པོ་ལ། སྣ་ཚོགས་སྣང་བའི་འཁོར་གྱིས་བསྐོར།།
10a5 སུས་ཀྱང་མ་བྱས་རང་བྱུང་ལ།། ཀ་དག་ཇི་བཞིན་དཀྱིལ་འཁོར་ཉིད།། ཅེས་གསུངསོ།། དེ་ནས་རིག་པའི་ཁྱེའུ་ཆུང་གིས།། སངས་རྒྱས་གསང་བའི་ཡང་སྙིང་གསུངས།། དངོས་མེད་ཀ་དག་མངོན་གྱུར་ན།། མེད་པ་མི་ཟད
10a6 འབྱུང་བ་ཡི།། ཆེ་བའི་སྐྱོན་རྒྱུན་མི་ཆད།། ཅིར་སྣང་ཀུན་འབྱུང་རིན་ཆེན་གཏེར།། ཅེས་གསུངས།། རང་དངས་ཀུན་གྲོལ་དགོངས་གསུངས་པ།། སངས་རྒྱས་ཀུན་གྱི་དགོངས་པ་འདི།། ཤེས་ན་དེ་ལ་གང་གནས་པ།
10a7 ཀ་དག་ཉིད་ལ་དབང་ཐོབ་པའི།། དེ་བཞིན་དགོངས་པའི་རིག་འཛིན་ཉིད།། ཅེས་གསུངསོ།། དེ་ནས་ཀུན་རིག་འཕྲུལ་རྗེ་ཡིས།། སངས་རྒྱས་དགོངས་པའི་བཅུད་གསུངས་པ།། ཀ་དག་དངོས་མེད་ཟང་ཁམ།། གཞི་རྩ་མེད་པ།




iiif viewer powered by OpenSeadragon

9b - 10b

Texts on this page

Gbr008.8 - sangs rgyas kun gyi dgongs pa'i bcud bsdus ri bo brtsegs pa'i rgyud