| | e-texts navigator
|
2b1 བསྟེ།། ཕྱིས་ཀྱི་དུས་ན་གཟུགས་ཀྱི་ཕུང་པོའི།། དངག་བསམ་ལྡོན་ཤིང་བསྟན་པ་ནི།། སྲོག་དུ་གྱུར་པའི་དྲུང་བཞི་སྟེ།། ལྕང་མོའི་ཕོ་བྲང་བསྟན་པ་ནི།། ཕྱི་སྐར་བསྟན་ན་འོག་མིང་གནས།། ནང་ལྟར་བསྟན་མ་ཐོད་པས་སྟེ།
2b2 འདོད་ཆགས་རྐུ་བྷར་གྲུབ་པ་ནི།། ཉོན་མོངས་འདོད་ཆགས་ཆེན་པོ་སྟེ།། རླུང་ནག་མུན་ལྟར་བསྒྲིབས་པ་ནི།། ཕྲ་དོག་ཏི་མུག་བདུད་ཀྱི་ཁྱེར།། ཁྱེའུ་སྒྲོན་མེ་ཐོགས་ཞེས་པ་ནི།། རིག་པའི་རྒྱལ་པོ་རང་སྣང་སྟེ།། རིངརབ་རྩེ་ལ་གནས་ཞེས་པ་ནི།
2b3 རྒྱམཚོ་མདངས་ལ་གནས་པ་ཡིན།། དུར་ཁྲོད་འདམ་དུ་རྒྱུ་ཞེས་པ་ནི།། ཙིཏྟའི་ནང་དུ་རྒྱུ་བ་ཡིན།། འཁོར་བའི་ཆུ་བོས་ཁྱེར་བ་ནི།། རྣམ་རྟོག་ཆུ་བོས་ཁྱེར་བ་ཡིན།། རླུང་ནས་ཚུབ་མས་ཁྱེར་བ་ཡིན།། དུག་ལྔའི་དབང་དུ་འགྱུར་བ་ཡིན
2b4 ཁོ་ལ་ཤི་བ་མེད། ཅེས་པ་ནི། རིག་པ་རྡོ་རྗེ་ལྟ་བུའི་སྐུ། ཅི་ཡང་ཤར་ཡང་ཁོའི་སྐུ།། ཅེས་གསུངས་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། འདུས་པ་བརྡའི་ལེའུ་སྟེ་གཉིས་པའོ།།
2b5 དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། ཀྵེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ཕུང་པོ་འབར་བའི་དོན་རྣམས་གསུང་དུ་གསོལ།། སྟོན་པས་བཀའ་སྩལ་པ། ངས་བསྟན་འཁོར་རྣམས་ཡིད་ལ་ཟུང་། ཕུང་པོ་ཞེས་ཀྱིས་བསྟན་པ་ནི།
2b6 དུ་མ་འདུས་པའི་ཕུང་པོའོ།། འཇིག་པའི་ཕྱིར་ན་ཕུང་པོའོ།། རྟེན་པའི་ཕྱིར་ན་ཕུང་པོའོ།། འདུས་པའི་ཕྱིར་ན་ཕུང་པོའོ།། ཕུང་པོ་དག་ལ་བརྟན་པ་ནི།། ཀླད་པ་དུང་ཁང་གཞལ་ཡས་ནི།། ཧེ་རུ་ཀའི་བཞུགས་གནས་ཡིན།། ཐུགས
2b7 འབྱུང་བའི་སྒོ་བཞི་ནི།། རིག་པ་འགྱུ་བའི་གསང་འཞི་ཡིན། འབྲི་གུ་ཙཀྵའི་སྒོ་ཡིས་ནི།། རིག་པའི་ངོ་བོ་གདངས་གསལ་བསྟན།། མངོན་དུ་འགྱུར་བའི་ཡིས་ཡིན་ད་འབྱེད་པ་མེད་དེ་ཟང་ཐམ།། དེའི་ངང་ལས་མ་གཡོས་ན།། དགོངས་པ་ཟིན་པའི་ཚད་ཡིན་ནོ།།
iiif viewer powered by OpenSeadragon
2a - 3a