| | e-texts navigator
|
8b1 ཆོས་རྣམས་པ་དག་དེ་མེད་ན་ནི་ཆོས་རྣམས་ཡོདདས་བདས་དང་ཆོས་རྣམས་ན་མཁའི་ངོ་བོ་ཤེས་ཤེས་ནས་ཤེས་བྱེད་རྣམས་དག་ན།། ཤེས་རབ་ཕ་རོལ་མཆོག་ལྡན་པ་ཡིན།། ཆོས་ནི་བྱེད་པ་བྲལ་བ་ཡིན།། ཉིད་ནི་བྱ་བ་བྲལ་བ་ཡིན།།
8b2 བྱ་བྱེད་གཉིས་མེད་ཆོས་ཀྱིས་སྐུ།། བྱ་བྲལ་དུས་སུ་སྐུ་གསུམ་རྫོགས།། དེ་ལ་མྱ་ངན་འདས་ཞེས་ཏེ། གཞན་དུ་ཐེག་སྨན་བསམ་ཡས་པས།། རང་རང་འབྲས་བུ་སངས་རྒྱས་འདོད།། འདོད་པས་འཁོར་བ་མ་རྟོགས་ཏེ།། འཁོར་བའི
8b3 མཐའ་ལས་དེ་མི་མཐའ། ངེས་པའི་ཤེས་མ་སྐྱེས་ཤིང་།། རང་རིག་ཚད་དང་མ་ལྡན་ཏེ།། གཟུང་འཛིན་མཚན་མ་མ་གྲོལ་བས།། གང་གི་གར་སྐྱེ་མི་ཤེས་པར།། འོལ་ཕྱིར་ཕྱོགསུ་གར་སྒོམས་ཀྱང་། ལོང་པའི་གོམ་པ་བཞིན་ཏེ།
8b4 ཕྱལ་བ་གོལ། ཆོས་དང་སེམས་གཉིས་སོ་སོར་མི་འགྱུར་བ།། དེ་ནི་རྟག་པའི་མཐའ་སྟེ་གྲོལ་བ་མེད།། ཐཾད་གདོད་ནས་མེད་པས་བློ་ཡུལ་མེད།། དེ་ནི་ཆག་པའི་མཐའ་སྟེ་གྲོལ་བ་མེད།། སྣང་ལ་རང་བཞིན་མེད་ཅེས་ཡུལ་ཅན་ངེས་མེད
8b5 འཆིངས།། ནམ་མཁའ་ལྟ་བུར་ཆོས་རྣམས་མཐའ་བྲལ།། མཐའ་བྲལ་འདོད་པ་མཐའ་སྟེ་ནམ་མཁའ་མཐའ་ཡས་སྐྱེ།། གཉིས་མེད་མ་རྟོགས་དྲན་རྟོག་མེད་པ་སྒོམས།། འདུ་ཤེས་མེད་པའི་ཁྲོད་དུ་དེ་ཉིད་སྐྱེ།། འདི་སྒོམས་ངེས་མེད་ཅིག་དང་དུ་མ
8b6 བྲལ།། སྒོམ་མེད་བློ་ཡུལ་ཅི་ཡང་མེད་པར་སྐྱེ།། ཐམས་ཅད་སེམས་ཡིན་ཅིང་སྣང་ཅིང་མེད་ན།། རྣམ་ཤེས་མཐའ་ཡས་གན་སུ་དེ་སྐྱེ་ངེས། བྱང་ཆུབ་དོན་གཉེར་ལྷའི་དཀྱིལ་འཁོར་བསྒོམ། གཟུགས་ཁམས་ལྷའི་གན་སུ་དེ་སྐྱེ
8b7 འདོད་པའི་མངོན་སོང་ཟབ་མོའི་སྐྱེ་རིམ་གྱིས།། སྣ་ཚོགས་ཅི་བསྒོམ་འདོད་ཁམས་གནས་སུ་སྐྱེ།། འདོད་པ་མ་ཟད་བར་དུ་ཁམས་གསུམ་སྟེ།། དྲང་བའི་དོན་དུ་རང་རང་གྲོལ་བར་གསུངས།། རེ་རེས་འབྲས་བུའི་མིང་རེ
iiif viewer powered by OpenSeadragon
8a - 9a