| | e-texts navigator
|
8a1 ཕ་རོལ་ཕྱིན་མཆོག་རྫོགས་ཆེན་སྤགས་ཏེ་ཆེ།། མི་འབྱེད་མི་གཡོ་འཛིན་མ་གོས་དང་། སྐྱོན་ཡོན་དག་སྟེ་དུས་ཉིད་ཐམས་ཅད་པའོ།། བྱ་བྲས་ཀུན་འདུས་མི་གཡོ་འདོད་པ་ཟད།། དེ་མེད་བཟློག་པའི་སྒོ་ནས་ཐད།
8a2 བྲལ།། ཤེས་རབ་ཕ་རོལ་ཕྱིན་མཆོག་པཉིད་ལ།། ས་ལམ་ཐམས་ཅད་ལྷུན་གྲུབ་པ་ཉིད་ཡིན།། མི་འགྱུར་ཀུན་གཞིའི་སེམས་ཀྱི་ས་གཞི་ལ།། དེ་ཉིད་ཡང་དག་མཐོང་བ་རབ་ཏུ་དགའ།། དེ་ལ་གཟུང་འཛིན་དག་པ་དྲི་མ་མེད།། དེ་ཉིད་རྒྱ་མཆད་པ་འོད
8a3 བྱེད་པའོ།། རྟོགས་པའི་ཡེ་ཤེས་འབྱུང་བ་འོད་འཕྲོ་བ།། བློའི་སྤྱོད་ཡུལ་མ་གྱུར་སྦྱང་དཀའ་བ།། རང་གི་ངོ་བོར་གྱུར་པ་མངོན་གྱུར་པ།། འདོད་པའི་བློ་མ་སྐྱེས་པས་རིང་དུ་སོང་།། མི་སྐྱེ་མོ་འགག་གཡོ་བ་མེད་པའི་ས།། སྐྱོན་རྣམས་ཀུན་གྱིས་མ་གོ།
8a4 ལེགས་པའི་བློ་གྲོས།། ཐམས་ཅད་ཆོས་ཀྱི་དབྱིངས་ལས་མི་ཕྱེད་སྤྲིན།། ཐོག་མ་ཐ་མ་མེད་པ་ཀུན་ཏུ་འདོ།། གང་ཡང་མ་སྤངས་པདྨ་ཅན་ད་རྣམ་རྟོག་མཚན་ན། སྤྱོད་ཅིང་ཐོག་མེད་མ་ཐོབཐམས་ཅད་ཐིག་ལེར་འབྱེད་མེད་དབྱེ་བ་མེད།
8a5 སེམས་དང་ཆོས་སུ་འདྲེས་པས་ལྷུན་གྱིས་གྲུབ།། ཡེ་ནས་ཐིག་ལེར་དབྱེད་མེད་ཚོག་ཀྱི་ལམ།། རྟོགས་པའི་ཡེ་ཤེས་དབྱེར་མེད་སྦྱོང་བའི་ལམ།། ཆོས་ཉིད་དོན་རྟོགས་བདེ་ཆེན་མཐོང་བའི་ལམ།། ཡིད་ཀྱི་གཡོ་བ་ཟད་པ་སྒོམ་པའི་ལམ
8a6 བྱ་བྱེད་མེད་པ་མཐར་ཕྱིན་པ་ཡི་ལམ།། རྣམ་དག་ལམ་ཆེན་ཤེས་རབ་མཆོག་མེད་པ།། བགྲོད་པས་འཁོར་བའི་ལམ་སྟེ་གྲོལ་མི་སྲིད།། བཟློག་པའི་སྒོ་ནས་དེ་མེད་ཐམས་ཅད་མེད།། ཅེས་ཤེས་རབ་ཕ་རོལ་ཕྱིན་པའི་གསང་ཐིག་སྟེ
8a7 འདུན་པའོ།། ཀ་རང་རིག་ལྟ་བའི་ངང་ལ་ཕྱག་འཚལ་ལོ།། ལྟ་སྒོམ་སྤྱོད་འབྲས་ལ་སོགས་པའི།། བྱས་པའི་ཆོས་རྣམས་ཐམས་ཅད་འཇིག། ཤེས་རབ་མཆོག་གི་ཆོས་རྣམས་ཡིན།། དེ་ཡོད་ན་ནི
iiif viewer powered by OpenSeadragon
7b - 8b