e-texts navigator
Collection
Volume
Page
Wylie

7b1 སྒྲ་བློ་ཆུང་བཅིངས།། དགེ་བ་དངག་མེད་བྱེད་པ་དང་། ཚམས་མེད་ལྔ་པོ་བྱེད་པ་དང་། འཁྲུལ་པ་གང་དག་ངེས་མེད་དེ། མ་དག་བར་དུ་ཁྱད་པར་ཆེ།། རྒྱུ་དང་འབྲས་བུའི་ཐེག་པ་ཡང་།། རང་ཉིད་ཤང་དེ་བྱེད་པ་མེད།། ཐམས་ཅད་དུ་ཡང་ངང་གི
7b2 བྱུང་།། ཐམས་ཅད་རང་བཞིན་ཉིད་ཀྱིས་དག། བདག་ཉིད་ཆེན་པོར་ལྷན་གྱིས་གྲུབ།། དེ་ནི་གསང་སྔགས་ཅེས་བྱའོ།། འཁོར་བ་ཟད་པར་སུ་འདོད་པ། དེ་ནི་རྒྱུའི་ཐེག་པ་ཡིན།། རྒྱུའི་ཐེག་པ་ཡིན་པ།། དེ་ནི་རྐྱེན་གྱི་ཐེག་པ་ཡིན།། རྒྱུ་རྐྱེན
7b3 གང་དང་གང་ཡིན་པ།། དེ་ལ་འདུ་བྱས་ཅེས་བརྗོད་དོ།། དེ་ལས་གཞན་པའི་འདུབ་བྱས་ནི།། མཁས་པས་ནམ་ཡང་རྙེད་པ་མེད།། ཇི་སྲིད་བྱ་བ་ཡོད་པར་དུ། ད་ནི་འབྲས་བུའི་ཐེག་པ་སེན།། དེ་བས་བྱ་བྲལ་རྫོགས་པ་ཆེ།། དེ་བས་སྤྲོས
7b4 བྲལ་ལྟ་བ་ཆེ།། དེ་བས་འཛིན་བྲལ་བསྒོམ་པ་ཆེདེ་བས་བྱ་བྲལ་སྤྱོད་པ་ཆེ།། དེ་བས་ཐོབ་བྲལ་འབྲལ་བུ་ཆེ།། ཞེས་རྒྱུ་འབྲས་ཁྱད་པར་གྱི་གསང་ཐིག་སྟེ་དྲུག་པའོ།། ། ལེགས་པའི་འབྱུང་གནས
7b5 ཤེས་རབ་ཕ་རོལ་ཕྱིན་མཆོག་དང་ལ་ཕྱག་འཚལ་ལོ།། ལེགས་པའི་འབྱུང་གནས་ཤེས་རབ་ཕ་རོལ་ཕྱིན་འདི་ལ།། བྱེད་བྲལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མེད་འགྱུར་ནད། ཕ་རོལ་ཕྱིན་རྒྱུ་མེད་ཅིང་ལམ་མེད་ཐེག་པའང་མེད།། ཕྱག་རྒྱ་སྔགས
7b6 དང་བཀའ་ཐུབ་སྦྱིན་བསྲེགས་མེད།། ལྷ་དང་དཀྱིལ་འཁོར་མེད་ཅིང་དུས་གསུམ་བདེ་གཤེགས་མེད།། མཆོད་བཤགས་པ་སྟོང་པ་མེད་ཅིང་ཕྱག་དང་བསྐོར་བ་མེད། གཞི་ལས་འབྲས་བུ་མེད་ཅིང་ལྷ་སྒོམ་སྤྱོད་པ་མེད།། ཐད་ཡོད་པ་མ
7b7 ཡིན་འཁོར་བའི་འཆིངས་མ་ཡིན།། ཐམས་ཅད་ཕྲང་བའི་དོན་སྟེ་ཤེས་རབ་མཆོག་ལ་འདྲེན།། ཤེས་རབ་ཕ་རོལ་ཕྱིན་མཆོག་ངོ་བོ་ལ་ཐམས་ཅད་དུ་གཅིག་རྫོགས་ཏེ་ལྷུན་གྱིས་གྲུབ། དེ་ཡོད་ཀུན་ཡོད་དེ་མེད་ཀུན་མེད་པས




iiif viewer powered by OpenSeadragon

7a - 8a

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud