| | e-texts navigator
|
7a1 ཆེན་འདི་ན་རྟོགས་བྱ་རྟོགས་བྱེད་དང་ཐོབ་བྱ་ཐོབ་བྱེད་ལ་སོགས་དབྱེར་མེད་པས།། བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་ངང་། གནས་དང་དུས་ནི་གང་དང་གང་དུ་ཡང་།། རྒྱུ་དང་རྐྱེན་ནི་ཅི་དང་ཅི་བྱུང་བ།། དེ་ནི་རྒྱུའི།། །
7a2 ཐེག་པར་ཤེས་པར་གྱིས།། རང་བྱུང་ཡེ་ཤེས་གཉིས་མེད་ལྷན་ཅིག་སྐྱེས།། གང་ལ་གང་གིས་རག་ན་ཇི་ལྟར་ལས།། གང་གླང་བྱུང་དེ་དེ་ཉིད།། ཐམས་ཅད་མ་ཕྱེད་ཡུལ་དང་བྲལ།། ཡུལ་ཉིད་ཡུལ་བྲལ་རང་གིས་དང་།། དེ་ནི་འབྲས་བུའི་ཐེག་པའོ།།
7a3 ཆེ་ལྔ་ལྡན་པར་འབྲས་བུར་བརྟགས།། འཁྲུལ་པ་གཉེན་པོས་ཞིག་པ་ལ།། རྟོགས་པ་རྐྱེན་གྱིས་སྐྱེས་པར་མཐོང་།། མ་སྐྱེས་མི་འགག་དོན་ལ་གོལ།། རྐྱེན་གྱིས་སྐྱེས་པ་ཐ~ཾད་འཇིག། རྟོགས་ལས་སངས་རྒྱས་གཞན་མེད་པས།། སངས
7a4 རྒྱས་སྐྱེ་འཇིག་ཅན་འདོད་པ།། དེ་ཡང་རྒྱུ་ཏེ་བྱང་ཆུབ་མེད།། འཁྲུལ་བློ་གཉིས་སུ་མེད་ཅེས་བྱ་བ་ལས།། དོན་ལ་སྐྱེ་འཇིག་ག་ལ་ཡོད།། གཟུང་འཛིན་གཉིསུ་མི་བྱེད་པས།། ཆད་པ་མ་ཡིན་རྟག་པ་ཡང་།། གཉིས་སུ་གནས་པ་མ་ཡིན་སྟེ།། གཟུ
7a5 འཛིན་གཉིས་ཀྱི་བློ་གྲོས་བས། ཆོས་ཉིད་དོན་རྟོགས་བེམ་པོ་མིན།། རིག་བྱ་རིག་བྱེད་གཉིས་མེད་པས།། རིག་པར་མི་འགྱུར་སྐྱོན་མ་གོས།། གཟུང་འཛིན་དག་པརང་ཉིད་ལ།། སངས་རྒྱས་ཞེས་སུ་བཏགས་པ་ཡིན།། འཁོར་འདས་གཉིསུ་མེད
7a6 ཅེས་བྱ། སངས་རྒྱས་གང་ལས་ཇི་ལྟར་སྐྱེ།། རྟོགས་པ་སྐྱེ་བར་རྨོངས་པར་འདོད།། དེ་ནི་འབྲས་བུའི་ཐིག་པ་མིན།། རང་གི་མཉེན་པོར་རང་ཤད་ནས།། གཟུང་འཛིན་རང་དག་ལྷུན་རྫོགས་ཆེ།། དེ་ནི་འབྲས་བུའི་ཐེག་པའོ།། འཁྲུལ་པ་རབ་དུ་རང
7a7 བད་དང་། རྟོག་པ་འཁྲུལ་ལས་སྐྱེས་པ་གཉིས།། ངོ་བོ་གཅིག་ཏེ་ཁྱད་པར་ཆེ།། གཅིག་ནི་འཁོར་བ་རང་དག་ཡིན།། གཅིག་ནི་སངས་རྒྱས་སྐྱེས་སྐྱེད་ཡིན།། གཅིག་ནི་ཁྱད་པར་ཤིན་ཏུ་ཆེ།། འཁོར་བ་རང་ཉིད་དག་པ་ལ།། སངས་རྒྱས་འདོད་པས
iiif viewer powered by OpenSeadragon
6b - 7b