| | e-texts navigator
|
6b1 སེམས་ཅན་སྐྱོན་ཀྱང་དེ་ལ་བརྩིར་མི་རུང་།། སངས་རྒྱས་ཡོན་ཏན་སུ་འདོད་པ། དེ་ལ་ནམ་ཡང་ཡོན་ཏན་མེད། སེམས་ཅད་སྦྱིན་རྣམས་སུ་སྤོངས་པ།། དེ་ནི་སྐྱོན་ལ་གྲོལ་མི་སྲིད།། གཉིས་མེད་པས་སྟོན་ཡོན་དག། དེ་ལ་ཡོན་ཏན་ཞེ།།
6b2 བྱའོ།། རྨོངས་པ་ལ་ཅིག་ཡོན་ཏན་དུ།། ཁས་ལེན་པ་དེ་རྨོངས་པ་ཡིན།། ཆོས་ཉིད་གཉིས་མེད་སྤྲོས་བྲལ་ལ།། སྐྱོན་ཡོན་སུས་བརྗོད་རྨོངས་པ་ཡིན།། སྐྱོན་ཡོན་དག་ན་ཡོན་ཏན་སྟེ།། སྤྲོས་བྲལ་ལྷུན་གྲུབ་ཆོས་ཀྱི་སྐུ།། དེ་རྟོགས
6b3 ལོངས་སྤྱོད་རྫོགས་སྐུ་ཡིན།། མ་སྤངས་མི་གནས་སྤྲུལ་སྐུའོ།། གཟུང་འཛིན་དག་པ་སངས་པ་སྟེ།། གཉིས་མེད་དོན་རྒྱས་རྒྱས་པའོ།། བྱེད་པ་མེད་པའི་ཆོས་ཡིན་ཏེ། བྱ་བ་མེད་པ་ཉིད་ཡིན་ནོ།། ཡེ་ནས་དག་པ་ཞི་བ་མྱ་ངན་འདས
6b4 དེ་རྟོགས་སྒྲུབ་པ་ལམ་གྱི་ཆོས།། དབྱེ་བ་མེད་པ་བདུན་པ་སྟེ།། མ་གོས་པ་ནི་དགེ་བ་ཡིན།། གཟུང་འཛིན་རང་དག་གཉིས་མེད་ཆུབ།། ཡེ་དོན་རྟོགས་པས་ཉོན་མོངས་བཅོམ།། རང་གིས་རང་རིག་རང་སངས་རྒྱས།། ཉན་བྱེད
6b5 མེད་པས་ཡང་དག་ཉན། ཐོས་བྱ་མེད་པས་ཆོས་ཉིད་ཐོས།། སྐྱོན་ཡོན་མེད་པས་ཐམས་ཅད་རྫོགས།། ཅེས་ཡོན་ཏན་བསམ་གྱི་མི་ཁྱབ་པའི་གསང་ཐིག་སྟེ། ལྔ་པའོ།། །
6b6 བཅོམ་ལྡན་འདས་བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོན། ཐེག་པ་ཕྲན་མ་ལུས་ཐམས་ཅད་ཀུན་གྱིས་ཀྱང་བདེ་ལེགས་ཇི་རྙེད་མ་ལུས་ཀུན་གྱིས་སྔོས།། བདེ་གཤེགས་བྱང་ཆུབ་རྟོགས་པ་ཉིད་ལ་འདུས།། རྟོགས
6b7 ལསུ་འདོད་དེ་ལ་བྱང་ཆུབ་མེད། རྐུ་རྐྱེན་འདོ་པས་ཉེ་བའི་སངས་རྒྱམ་སྲིངས།། ཀུན་ཀྱང་རྟོགས་པར་འདོད་པ་ཁྱད་པར་མེད། ཐབས་སྒོ་དུམས་རྟོགས་འདོད་འདོད་པས་ཉམས་བཅུའི་ཐེག་པ་ཞེས་ཀྱང་དེས་བྱ་འཐེག
iiif viewer powered by OpenSeadragon
6a - 7a