e-texts navigator
Collection
Volume
Page
Wylie

6a1 ལྡན་ཕྱིར་བྱབས་ཕྱིར་དང་། སེམས་དགེ་བ་ལ་ཉེས་པ་མེད།། ཆོས་འཕགས་ལ་སོགས་ཅི་ཕྱིར་མིན།། དེ་ནས་ཉོན་མོངས་ལམ་ཞེ་ན།། སྔགས་པ་དམ་ཚིག་བསྲུང་མི་བསྲུང་།། ཉམས་ན་དམྱལ་བར་འགྲོ་མི་འགྲོ
6a2 འགྲོ་ན་ཉོན་མོངས་མེད་འགྲོ་བམ།། ཡོད་འགྲོ་ཉོན་མོངས་ཅི་ཕྱིར་ལམ།། དེ་ལ་དེ་ཡང་ཡོདདདྨ་ཡིན།། དེ་བས་གསང་སྔགས་ཅེས་བྱ་བ།། འཁྲུལ་པ་ཟད་དང་བློ་ཡུལ་མིན།། བྱ་བ་བྲལ་དང་འབྲས་བུ་ལམ།། འབྲས་བུ་ལམ་དུ་འདོད་པ་ཡང་།།
6a3 དོ་ན་བློ་ཡུལ་བྱ་བྱེད་ནི།། བརྟགས་པ་ཡིན་ཏེ་ཡང་དག་མེན།། བསམ་མི་ཁྱབ་ལ་འཁྲུལ་བ་བྱུང་།། འཁྲུལ་པ་ཟད་ལ་བསམ་མི་ཁྱབ།། དེ་ལ་འབྲས་བུ་ཞེས་བྱ་སྟེ།། མདོར་ན་བྱ་བྲལ་འབྲས་བུ་སྟེ།། རྣམ་པར་དག་པ་ལམ་ཞེས་སྟེ།
6a4 འབྲས་བུ་ལམ་ཞེས་དེ་ལ་བྱ།། བྱ་བྱེད་ཡོད་པ་ག་ལ་ཡིན།། དུམ་བུར་གནས་པ་ལམ་ཞེས་ཏེ།། དཔེར་ན་བྱོལ་སོང་ཁ་གཅིག་གི། མའི་རུམ་ན་གཉིད་ལོག་དང་།། མ་རུམ་ཕྱིར་ཐོན་རེས་འཇོག་དང་།། རྫུས་སྐྱེས་ལྷ་འགའ་གཉིད་མེད་བཞིན།
6a5 སྲོ་དང་ཐོ་རངས་ཉིན་པར་བཞིན།། ན་མཁབ་དངས་ལ་སྤྲིན་འབྱུང་བཞིན།། ནམ་དུ་འབྱུང་འགྱུར་ཞེས་ན་ཡང་།། ཇི་བཞིན་པ་དེ་ཁྱད་པར་ཆེ།། རིག་པ་ཡོད་མེད་དག་མ་དག། འདྲ་ཏེ་མི་འདྲ་བས་ན་དཔེ།། འཁོར་བ་སངས་རྒྱས་བརྟག་པ་དང་།
6a6 ཆོས་ཉིད་མི་སྦྱོར་མི་འབྱེད་དེ།། ཅི་ཕྱིར་དེ་ལ་རང་བཞིན་མེད།། སྦྱོར་དང་འབྱེད་པ་ལྟ་ཅི་སྨོས།། རང་བཞིན་ཤེས་པས་གཉིས་མེད་མཐོང་།། ཆོས་ཉིད་གཉིས་སུ་མེད་པ་ལ།། སངས་རྒྱས་ཞེས་ཀྱང་བསྟོད་མི་བྱ།། སེཾན་ཞེས་ཀྱང་སྐྱོན་མི་བརྗོད།།
6a7 ངན་ལ་གཉིས་མེད་རྟགས་ཐ་དད་། དྲངས་པའི་དོན་དུ་འཁོར་འདས་གཉིས་གསུངས་སྟེ།། ངེས་དོན་ཡེ་ནས་ཐིག་ལེ་དབྱེར་མེད་ལ།། དབྱེམ་མེད་རྟོགས་པས་དབྱེ་བའི་བློ་ཟད་དེ།། སངྱས་ཞེས་དེ་ངེས་པར་གཞན་མེདོ།། སངྱས་ཡོདན་དེ་ལ་བགྱིར་མི་རུང




iiif viewer powered by OpenSeadragon

5b - 6b

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud