e-texts navigator
Collection
Volume
Page
Wylie

5b1 དེ་བས་ཤེས་བྱ་ཤེས་བྱེད་དག་པ་ལ།། ཕ་རོལ་ཕྱིན་དངས་བཅུ་ལམ་ལྔ་རྫོགས།། སྐུ་དང་ཡེ་ཤེས་ཡོན་ཏན་མ་ལུས་རྫོགས།། མ་སྤངས་མཚན་དང་མི་གནས་དཔེ་བྱད་རྫོགས།། དེ་ལས་གཞན་ནི་ཡེ་ཤེས་མ་ཡིན་ཏེ།། གཟུང་འཛིན་སྒྲིབ།
5b2 པ་ཡེ་ཤེས་ག་ལ་ཡིན།། བྱ་བྱེད་འདུ་བྱས་ཡེ་ཤེས་ག་ལ་ཡིན།། རེ་དོགས་དུག་གསུམ་ཡེ་ཤེས་ག་ལ་ཡིན།། སྤྱན་དང་ཡེ་ཤེས་དོན་ནི་མ་སྒྲིབ་པའི།། སྒྲིབ་པའི་དོན་ནི་གཟུང་འཛིན་གཉིས་ལས་མེད། དོན་ལ་ལྷ་དང་མཐོང་བ་ཡོད་མ་ཡིན།།
5b3 འཁྲུལ་པའི་བློ་ལ་ལྷ་དང་མཐོང་མ་ཡོད།། བྱ་བྱེད་མེད་པ་ལྟ་སྒོམ་ལ་སོགས་མཆོག། རྟག་པར་འདོད་ན་འཁྲུལ་དེ་རྟོགས་མི་འགྱུར།། རྟག་ཡུལ་མེད་པར་རྟོགས་འགྱུར་ག་ལ་སྲིད།། དགའ་རབ་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་སེམས་དཔའི
5b4 ཐུགས་ཀྱི་ཐིགས་པ་བབས།། ཅེས་བརྟེན་འབྲེལ་གཅད་པའི་གསང་ཐིག་སྟེ། བཞི་པའོ།། ། བཅོམ་ལྡན་འདས་བདེ་ཆེན་ངང་ལ་ཕྱག་འཚལ་ལོ།། ཨེ་མ་འཁྲུལ་པ་ཟད་པའི་མཁས་པ་ངོ་མཚར་མེ
5b5 ཡེ་ཤེས་གཉིས་སྟེ་མཚན་ཉིད་རྟགས།། མཚན་ཉིད་ཐོག་མཐའ་སྐྱེ་འཇིག་མེད།། བརྟགས་པས་འཁྲུལ་པ་ཟད་པའོ།། རང་བྱུང་དེ་ཉིད་ཐོག་མེད་དང་། བློ་བུར་འབྱུང་བ་གཉིས་ཡིན་ནོ།། ཐོག་མེད་མི་འགག་བློ་བུར་འགག། རྟོག་པའི་ཡེས
5b6 འགག་ཞེ་ན།། རྟོག་པའི་ཡེ་ཤེས་ཞེ་བྱ་བ།། འཁྲུལ་པ་ཟད་པ་ཙམ་ལ་སྟེ།། གང་ལ་སྐྱེ་དང་འགག་པ་མེད།། ཟད་ཡོད་འཕེལ་བ་ཡོད་ཞེ་ན།། དོན་མཐོང་ཟད་དང་འཕེལ་བ་མེད།། ཇི་སྲིད་ཚིག་ཡོད་འཁྲུལ་པའི་སེམས།། ཉན་བཤད
5b7 དགོས་པ་མེད་ཞེ་ན།། བྱང་ཆུབ་སེམས་ལ་ཕན་གནོད་མེད།། འཁྲུལ་སེམས་དགོས་མེད་ཅིའི་ཕྱིར།། འཁྲུལ་པ་ཟད་ཅིང་འཁྲུལ་ལ་ཕན།། ཁ་ཅིག་སྔགས་པ་འདི་སྐད་ཟེར།། ཉོན་མོངས་མི་སྤོངས་འཕགས་པར་འདོད།། སྙིང་རྗེ




iiif viewer powered by OpenSeadragon

5a - 6a

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud