| | e-texts navigator
|
5a1 དམ་ཐོབ་པ་མ་ཀུན་རྫོབ་ཀྱིས།། འོན་ཏེ་འཁྲུལ་གྱིས་བྱང་ཆུབ་ས་ཐོབ་པ།། བྱང་ཆུབ་ཀྱིས་འཁྲུལ་པ་ཐོབ།། དོན་གྱིས་དོན་ཉིད་ཐོབས་ན་དོན་མ་ཡིན།། ཐོབ་དང་ཐོབ་བྱ་ཡོད་ཕྱིར་རྫས་ཡོད་མོད།། ཐོབ་དང་ཐོབ་བྱ་དང་གྱིས
5a2 དག་པ་དང་།། བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས་པ་ལས།། སྐྲ་ཕྱིར་འབྲངས་ནས་ཐོབ་དུ་ཡོད་འདོད་པ། མ་རིག་དེ་ནི་འཐོམས་ཏེ་འཁོར་བར་འཁྱམས།། གལ་ཏེ་ཀུན་རྫོབ་ཉིད་ཀྱིས་དོན་རྟོགས་ན། སྒྱུ་འབྲས་མི་འཐུན་འགལ་ཏེ་རྟེན་འབྲེལ
5a3 ཡིན།། ཡང་དག་དོན་རྟོག་ནུས་ཕྱིར་འཁྲུལ་མ་ཡིན།། དོན་ལ་ཕན་འདོགས་ཀུན་རྫོབ་ཅི་ཕྱིར་ཡིན།། གདགས་ཡོད་ཡང་ན་དོན་དམ་ཅི་ཕྱིར་ཡིན།། དོན་དམ་ཉིད་ཀྱིས་ཀུན་རྫོབ་རྟོགས་འགྱུར་ན།། རྟོགས་བྱེད་དོན་དམ་མ་ཡིན་རྟོགས་ཡང་ཀུན་རྫོ
5a4 མོདོ།། གལ་ཏེ་ཀུན་རྫོབ་ཅིག་གིས་རྐྱེན་བྱས་ནས།། དོན་དེ་རྟོགས་ན་དེ་ཡང་མཉེན་པོར་འཇིག། ཁ་ཅིག་རྐྱེན་མེད་པར་ནི་རྟོགས་འགྱུར་ན།། ཐོག་མ་ཉིད་དུ་རྟོགས་པ་ཅི་ཕྱིར་མིན།། རྐྱེན་ལ་རྐྱེན་ཅིག་གལ་ཏེ་ཡོད་མིན་ན།། རྐྱེན་གྱིས་མེད་དུས
5a5 ཅི་ཕྱིར་མིན།། དེ་བས་རྟོགས་བྱ་རྟོགས་བྱེད་དག་པ་ལ།། ཡང་དགེ་དོན་རྟོགས་བདེ་ཆེན་འགྲུབ།། ཅེས་གསུངས།། བྱང་སེམས་ཆོས་རྣམས་ཐམས་ཅད་དབྱེར་མེད་པ།། ལྗོ་པ་བདག་ཅིག་ཆོས་ཀྱིས་སངས་རྒྱས་འདོད།། རྒྱུ་རྐྱེན་རྟེན་འབྲེལ
5a6 གཉེན་པོས་ཅི་ཕྱིར་མིན།། བདག་དང་ཆོས་དང་འབྲས་བུར་དབྱེར་མེད་དེ།། ཤེས་དང་གནས་དང་བསྟན་པ་ཐོབ་པ་ལ།། གཞི་དང་ལམ་དང་འབྲས་བུར་རྒྱལ་བས་སྔགས།། ཤེས་བྱ་ཤེས་བྱེད་དང་གིས་དག་པ་དང་།། གནས་བྱ་གནས་བྱེད
5a7 ངང་གིས་དག་པ་དང་།། བདག་གཞན་འདུ་ཤེས་དག་ནས་མི་འབྱུང་ན།། བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས་པ་ལ།། སྒྲ་ཕྱིར་འབྲངས་ནས་ཐོབ་དང་རྟོགས་འདོད་པས།། ལྡོངས་པས་དེ་ཡང་འཁོར་བའི་ཆིངས་མས་བཅིངས།།
iiif viewer powered by OpenSeadragon
4b - 5b