| | e-texts navigator
|
4b1 ན་བྱེད་ཅིའི་ཕྱིར།། བྱེད་པ་མེད་ལ་བྱེད་འབྱུང་ན།། རྟག་པ་ལས་ཀྱང་ཆད་འབྱུང་ཞིང་།། ཆད་པ་ལས་ཀྱང་རྟག་འབྱུང་འགྱུར།། དེ་འབྱུང་ངེས་མེད་རྟག་མི་གཏུབ།། དེ་ལ་བྱེད་པ་ཡོད་ཞེ་ན། བྱེད་པ་ཡོད་ཕྱིར་མི་རྟག་མོད།། གྲངས་ཅན་དངོས
4b2 པོ་རང་མི་རྟག། རང་བཞིན་ཅིང་ཡང་འགྱུར་བ་སྟེ།། བདེ་དང་སྡུག་བསྔལ་མྱོང་འགྱུར་ན། དངོས་པོ་རྟག་པ་ཅི་ལ་ཕན།། གལ་ཏེ་ཅིར་ཡང་མི་འགྱུར་ན།། འཁོར་བ་མྱང་འདས་རྒྱ་ཆད་དེ།། མྱང་འདས་རྟག་གམ་འཁོར་པ་བརྟག། འཁོར་བ།
4b3 བརྟག་ན་མངོན་གསུམ་འགལ།། འདས་བརྟག་ན་མཁའ་ཅི་ལ་ཕན།། གལ་ཏེ་འཁོར་འདས་གཉིས་མེད་ནས།། དངོས་བརྟག་རང་བཞིན་འགྱུར་བ་ན།། དམྱལ་ཡང་སངས་རྒྱས་སངས་རྒྱས་དམྱལ།། སྐྱེ་བོ་ཉིད་དེ་ཁྱད་པར་མེད།། དེ་ཕྱིར་བརྟ།
4b4 ཚཆད་ལ་སོགས་འཁྲུལ།། འཁྲུལ་ནས་དེ་སོགས་སྣང་དུ་ཟད།། དེ་སོགས་གཉིས་མེད་དོན་དམ་ཆོས།། ཀུན་བཟངས་ཐུག་ཐིག་བསྐལ་ལྡན་བློ་ལ་ཤང་།། ཞེས་ཕྱིར་རྒོལ་གཅོད་པའི་གསང་ཐིགས་སྟེ། ལེའུ་གསུམ་པའོ།།
4b5 བཅོམ་ལྡན་འདས་བྱ་བྲལ་དང་ལ་ཕྱག་འཚལ་ལོ།། ཆོས་སྐུ་སྤྲོས་བྲལ་ལྷུན་གྱིས་གྲུབ་པ་ལ།། རྣམ་རྟོག་བདག་ཏུ་འཛིན་པ་དེ་ཉིད་འཁྲུལ།། འཁྲུལ་པ་དེ་ཉིད་རང་བཞིན་དག་པ་ལས།། གང་གིས་གང་ཡང་སྒྲུབ་ཞིང་ཐོབ་ཏུ་མེད།། ཡང་ན་དག
4b6 བ་ཉིད་ཀྱིས་དེ་ཉིད་རྟོགས་པ་ལས།། རྟོག་བྱ་རྟོག་བྱེད་མེད་དེ་ངང་གིས་དག། ལྷུན་གྲུབ་བྱ་བྲལ་རྫོགས་པ་ཆེན་པོའི་ངང་།། ཡེ་ནས་མ་བཅོས་རང་བྱུང་རང་ཞི་སྟེ།། བྱ་དང་བྱེད་མེད་འདུས་མ་བྱས་པ་ལ།། བྱིས་པའི་བློ་ཅན་ལྡོངས་པས་མ་རྟོགས་ཏེ
4b7 འཁོར་བ་སྤངས་ཞིང་བྱང་ཆུབ་སྒྲུབ་པར་མཐོང་། དོན་ལ་བརྩལ་ཞིང་བསྒྲུབ་པར་ཡང་མཐོང་བ། ལྡོངས་པས་ན་མཁའ་འཆོལ་སྟེ་རྙེད་མ་ཡིན།། གལ་ཏེ་རྙེད་ན་དེ་ཉིད་འདུ་བྱ་བ་ཡིན།། ཅི་ཕྱིར་ཐོབ་འདོད་ཆོས་དང་ཡང་ཟག་སྟེ། དོན་གྱི་དོན
iiif viewer powered by OpenSeadragon
4a - 5a