| | e-texts navigator
|
4a1 ཉིད་ཀྱང་འཁོར་འདས་གཉིས།། བྱི་དང་ནང་གི་མུ་སྟེགས་ཏེ།། འཁོར་བ་ཡིན་པར་རྒྱལ་བས་གསུངས།། འདས་པས་གཉིས་ཏེ་དོན་དང་རྟགས།། དྲང་དོན་ངེས་དོན་ཞེས་ཀྱང་གསུངས།། ལམ་དང་ལམ་གྱི་གྲོགས་ཀྱང་གསུངས།
4a2 ལམ་ནི་རྣམ་པ་དག་པ་སྟེ།། དེ་མཚོན་གལ་ཏེ་སྲིད་པ་ཡིས།། ལམ་གྲོགས་ཨ་ནུ་མན་ཆོད་ལ།། ནང་གི་མུ་སྟེགས་ཞེས་བྱ་སྟེ།། བསམ་ཡས་སྣུ་ན་བཞི་རུ་འདུས།། ཕྱལ་དང་རྒྱང་འཕན་པུར་གདུག་དང་། མུ་སྟེགས་བཞི་སྟེ་རྟག་ཆད་གཉིས། དཔྱལ
4a3 བ་དགེ་སྡིག་རྒྱུ་འབྲས་དང་། སྔ་ཕྱི་མི་ཤེས་ཀུན་ཏུ་རྨོངས།། རྒྱང་འཕན་རྒྱུ་འབྲས་མི་ཤེས་ཏེ།། འདིའི་བཙན་ཕྱུག་མཐུ་སྟོབ་བསྒྲུབ།། མུར་གདུག་པའི་རྒྱུ་འབྲས་མེད།། སྣང་སྲིད་འདི་ནི་བློ་བུར་བ།། དཔེར་ན་རླུང་ཚུབ་ལྟ་བུའོ།། དེ་བས་ཐམས་ཅད
4a4 ཆད་པར་འདོད།། མུ་སྟེགས་པ་ནི་རྟག་པར་འདོད།། བདག་རྟག་ཡོད་པར་འདོད་པས་དང་།། རྒྱུ་མེད་འབྲས་ཡོད་འདོད་པ་དང་།། འབྲས་མེད་རྒྱུ་ཡོད་འདོད་པ་དང་།། དབང་ཕྱུག་ཡོད་པར་འདོད་པའོ།། དེ་ནི་རལ་པ་ཅན་གྱི་ལུགས། དབང་ཕྱུག་མཐུ
4a5 ཐོགས་མེད་པ་ཡིས།། འགྲོ་བ་དུས་ཅིག་སྐྱེད་པར་བྱེད།། བྲམ་ཟེ་གྲངས་ཅན་གཅིར་བུ་བས་དངོས་པོ་རྟག་ལ་རང་བཞིན་འགྱུར།། སྐྱེས་བུ་བདག་གིས་གཞན་མི་སྐྱེད།། གཞན་གྱི་ཀྱང་ནི་བདག་མི་སྐྱེད།། ཙ་ར་ཀ་པ་རླུང་ཚུབ་འདྲ།། མུ་གདུག་པ་དེ
4a6 ཆད་པར་འདོདད། དེ་ལ་འདི་ལྟར་རྟག་པ་སྟེར། བློ་བུར་ནམ་དུ་འབྱུང་བའི་ཕྱིར། འཁོར་བའི་མཐའ་ལ་ཐུག་པ་མེད།། ཡང་ན་ཐིམ་པ་དེ་འབྱུང་ངམ།། དེ་ལས་གཞན་ཞིག་འབྱུང་བ་ཡིན།། དེ་ཉིད་འབྱུང་ན་རྟག་པར་ཐལ།། དེ་མེན་འབྱུང་ན་རྒྱུ་ཡོད་མེད
4a7 མིན་པར་འབྱུང་ན་བརྩོལ་དོན་མེད།། བེམ་པོ་ལས་རིག་འབྱུང་གྱུར་ན།། རྒྱུ་འབྲས་མི་འཐུན་སྐྱོན་བསམ་ཡས།། རལ་ཅན་དབང་ཕྱུག་བྱེད་འདོད་པརདབང་ཕྱུག་དེ་བྱེད་ཡོད་དམ་མེད།། དབང་ཕྱུག་བྱེད་པ་མེད་པ་ནི།། དབང་ཕྱུག་གིས
iiif viewer powered by OpenSeadragon
3b - 4b