| | e-texts navigator
|
1b1 ཤཱདྡྷ་སྭཱ་ས་ཅིནན་ཀྱི་ཏྟམྦྷ་ས་དྷི་ས་ནཱ་ཀཱ་དྷ། བ་ན་། རྣབས་པ་ར་པ་སྐད་ཁྲིད་བྱ་ད་སི་དྷཱ། མེ་ཅས་སྐང་ལྡན་ཡོད་འདས་འབྱུར་བ་མད་པའི།
1b2 ན་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིགན།། ཆོས་ཀྱི་དབྱིངས་ཀྱི་བ་དྲང་འཐའ་དང་དབུས་མེད་པའི་གཞལ་ལས་ཁང་ན། སྟོན་པ་ཀུན་ཏུ་འི་ཟང་པོས། དཔལ་རྡོ་རྗེ་སེམས་དཔས་ཞུས་པ།
1b3 སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལགས།། རང་བཞིན་གནས་ལུགས་ཇི་ལྟར་ལགས།། ཞེས་ཞུས་པས། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། བཞི་ནས་མ་བཅོམ་མ་བསླད་པ།། ངེས་ཕྱིར་ངེས་པར་ཕྱག་འཚལ་ནས
1b4 འཁོར་བ་འཇུག་ལྡོག་གདམས་ངག་བཤད་པར་བྱ།། གཞི་ནས་མ་བཅོས་མ་བཅིངས་པར་གྲོལ།། གཞི་ནས་གྲོལ་དང་འཁྲུལ་ཚུལ་དང་།། དེ་ཡི་གདམས་ངག་བདག་གིས་དགྲོལ།། རང་བཞིན་དག་པས་རྒྱ་མ་ཆད།། བག་ཆགས་མ
1b5 བསགས་ལུས་མ་བླངས།། རྟོགས་ལྡན་མཁས་པས་མ་བཞུགས་སྟེ།། གཡོ་བ་མེད་པའི་རང་བཞིན་གྱིས།། གཞི་ནས་འདུལ་ཚུལ་གཉིས་ཡིན་ཏེ།། གཞན་དགའ་རང་གཞུང་སྒྲུབ་ཚུལ་གཉིས།། གཞི་ལ་གྲུབ་དང་མ་གྲུབ་དང་།། ངོ་བོ
1b6 ཙི་ལ་རྒྱས་ཀྱི་ཐ་དད་དམ།། གཉིས་ཀའི་རང་བཞིན་དོར་བ་ཉིད་དུ་བསྟན།། རང་གཞུང་ཆུབ་པའི་གཞི་དག་ནི།། རྒྱགས་མནན་དང་བྲེལ་བཅད།། དཔ་ཡིས་ངེས་པར་མཚོན་པ་ཡིན།། རང་བཞིན་འོད་ཀྱི་འདུག་ཚུལ་ནི།། རྒྱ་མ་ཆང
1b7 ཕྱོགས་པ་སྲུང་།། མཐའ་མ་རེད་དེ་འགྱུང་བ་མེད།། རང་བཞིན་མམཔའ་དག་པ་ལྟར།། སངས་རྒྱས་སེམས་ཅན་མཉམ་པར་གནས།། ཞེས་གསུངས་སོ།། ཡང་རྡོ་རྗེ་སེམས་དཔས་ཞུས་པ།། འཁྲུལ་པའི་འཁྲུལ་རྡུལ་ཇི་ལྟར་ལགས
iiif viewer powered by OpenSeadragon
1a - 2a