| | e-texts navigator
|
19a1 གཞན་ནི་མེན་པར་རིག། དེ་ལས་གཞན་པ་ཐཾད་གྲོལ་བར་ངེས།། བྱ་བ་བྲལ་བ་ལྷུན་གྱིས་གྲུབ་པར་ངེས།། གཞན་གྱིས་རྟོག་མ་ཉེ་བདག་ནི་མི་བགྱིད་དོ།། དེ་མ་རྟོགས་ན་གྲོལ་བར་མེད་པར་ངེས།། དེ་བས་བྱ།།
19a2 བྲལ་རྫོགས་ཆེན་ཆེ་བར་ངེས།། ཡང་དག་དོན་ལ་རྟོག་འབྲས་སྒྲིབ་པར་གོ།། སངས་རྒྱས་སེམས་ཅན་གཉིས་མེད་པ་ལ།། སངས་རྒྱས་མིང་དུ་བཏགས་པ་ཡིས།། མི་མཁས་པ་དག་བཅིངས་པར་ངེས།། སངྱས་མེད་པར
19a3 སྟན་ན་ཡང་མི་མཁས་པ་དག་བཀླག་པར་ངེས།། སངས་རྒྱས་སོན་གཉིས་མེད་ལ།། བདག་ནི་ཐེ་ཚོམ་མ་མཆིས་སོ།། བདག་མེད་ཐེ་ཚོམ་སུའི་ཡིན།། ཡུལ་མེད་ཐེ་ཚོམ་གང་ལ་ཟ།། དེ་བས་སོམ་ཉི་མ་མཆིས་སོ།
19a4 བདག་མེད་ཆགས་དང་རྨོངས་པ་འདོད།། དེ་ལྟར་སུ་འདོད་བདག་དང་བཅས།། དེ་ལྟ་བས་ན་ས་ངྱས་དགོངས་པ་ཡིན།། དུག་གི་བུམ་པ་འོ་མའི་ཁ།། ཁྲོ་ཆུའི་ལུས་ལ་ཙན་དུག་སེམས།། རྒྱུན་ཅན་དམྱལ་བའི་རྒྱུ་ཅན་ལ།། ནམ་ཡང
19a5 སྤེལ་བ་བདག་མི་བགྱིད།། མ་རིག་རྐྱེན་གྱིས་དབང་སོང་ནས།། གལ་ཏེ་འགལ་བར་བསྟན་གྱུར་ན།། བདག་འཇམ་དཔལ་བཤེས་གཉེན་གྱིས་ལུས་ཡང་དུམ་བུར་གྱུར་ཅིག། མགོ་ཡང་ཚལ་པ་སྟོང་དུ་ཁོས་ཅིག། ཟ་སུ་ཁྲོ་ཆུ་སྐོམ་དུ་མ
19a6 མར་དུ་སོང་ཅིག། ཅེས་རང་དམ་རང་གིས་བཅས་ཏེ།། ཆགས་སྡང་ཟད་པའི་གསང་ཐིགས་བསྟན་པ་སྟེ་བཅཝོ་བརྒྱད་པ་རྫོགས་སྷོ།། བཀྲི་སོ་། དགེའོ།
iiif viewer powered by OpenSeadragon
18b - 19b