| | e-texts navigator
|
18b1 དེ་མ་ཐག་ཏུ་མངོན་སངས་རྒྱས། དེ་བས་བསྐལ་ལྡན་སྐྱེས་བུ་ཡིན།། བདག་ཉིད་མཐོང་ལ་པ་རྟོགས་ཅིག། བདག་ཉིད་ཐོང་ལ་མ་བསྒོམ་ཅིག། བདག་གིས་ཆགས་སྡང་མ་སྤོངས་པར།། བདག་ཉིད
18b2 བཏང་པར་བྱས་ན་བདེ།། དེ་ནི་ཀུན་བཟང་རྡོ་རྗེ་སེམས། ཆགས་སྡང་བྲལ་བ་ན་མཁའ་བཞིན། བྱ་བྲལ་ལྷུན་གྲུབ་པ་དེ་ཆེན་ལ།། ཕ་རོལ་ཕྱིན་བཅུ་ས་བཅུ་རྫོགས།། ལམ་ལྔ་སྐུ་གསུམ་ཡེ་ཤེས་རྫོགས།།
18b3 དུས་གསུམ་བདེ་གཤེགས་ཐ~ཾད་ཀྱིས།། བྱ་བྲལ་ལྷུན་གྲུབ་རྫོགས་པས་བསྔགས།། ཨེ་མ་དོན་ལ་ཡེ་ནས་ཆགས་སྡང་མེད།། ཆགས་སྡང་ཐམས་ཅད་འཁྲུལ་བའི་བློ།། དེ་བས་ཆགས་སྡང་ཡོད་ཀྱིས་བར
18b4 འཁོར་འདས་གཉིསུ་ཤེས་པར་གྱིས། ཅེས་ཆགས་སྡང་གཅོད་པའི་གསང་ཐིགས་བསྟན་པ་སྟེ་བཅུ་བདུན་པའོ།། ། བཅོམ་ལྡན་འདས་ལྷུན་གྲུབ་བྱ་བྲལ་དང་ལ་ཕྱག་འཚལ་ལོ།
18b5 འཇམ་དཔལ་བཤེས་གཉེན་གྱིས་རང་གི་འདོད་པ་ཟད་པའི་ཚིགས་དོན་དུ་བརྗོད་པ།། དེས་འཚལ་དེས་འཚལ་ངེས་འཚལ་ལོ།། ཇི་སྲིད་བདག་དང་འཛིན་པ་ཡོད་ཀྱི་བར་དུ་ན་ཐ་འཆིང་བའི་དངོས་པོ་བང་གིས་རྒོན
18b6 ཇི་སྲིད་བདག་གཞན་གཉི་སུ་མེད་པ་ན།། བྱ་བྲལ་ལྷུན་རྫོགས་ཆོས་སྐུ་ན་མཁའ་གཞིན།། རང་བྱུང་ཡིས་སྤྲོས་བྲལ་ཡིན་པར་གོ་ཆོས་ཀྱི་སྐུ་མ་བདག་གཞན་མེད་པ་ལ།། མ་རིག་བདག་གཞན་དུ་འཁྲུལ་པར
18b7 བདག་གཞན་མེད་པས་འཁོར་བ་ཟད་པར་གོ།། དེ་རང་ཉིད་ལ་སངས་རྒྱས་གསང་བར་ངེསདེ་ལས་གཞན་པའི་སངས་རྒྱས་མེད་པར་ངེས། ས་སྒོམ་འབྲས་བུ་ལ་སོགས་ཐ~ཾད་ཀྱང་།། དེ་རང་ཡིན
iiif viewer powered by OpenSeadragon
18a - 19a