e-texts navigator
Collection
Volume
Page
Wylie

18a1 རྟོགས་པ་ལྟ་བུའི་སྡིག་པ་མེད། བསྒོམ་ཁང་མེད་པས་མ་ཆགས་ཤིག། སྦོམ་ཡུལ་མེད་ཀྱིས་མ་ཆགས་ཤིག་བསྒོམ་པ་ལྟ་བུའི་སྡིག་པ་མེད།། ས་བྱས་མེད་ཀྱིས་མ་ཆན
18a2 ཤིང་སངས་རྒྱས་ལྟ་བུའི་སྡིག་པ་མེད།། རྒྱལ་པའི་བདག་མེད་མ་ཆགས་ཤིག་རྒྱལ་བའི་ཡུལ་མེ་ད་མ་ཆགས་ཤིག་མ་སྡང་སྡུད་པས་ཐཾད་འཆིང་།། ཆོས་རྣམས་ཐཾད་དབྱེར་མེད་ལ།། འཁོར་བ་ཨ
18a3 སྤོངས་སྤོངས་ཡུལ་མེད།། སྤོང་བའི་བདག་ཡང་ཡོད་མ་ཡིན།། དོན་ལ་ཡུལ་དང་རྣམ་རྟོག་མེད།། ཡོད་ན་སྡང་བས་ཅི་ཞིག་པ་ན།། ཉོན་མོངས་མེད་ཀྱིས་མ་སྡུང་ཅིག། ཡོད་ན་སྡང་བས་ཅི་ཞིག་ཕན།།
18a4 མེད་ན་སྡང་བར་བྱ་མ་དགོས།། དེ་ཀུན་འཁྲུལ་པའི་སྣང་བ་ཡིན།། འཁྲུལ་པ་ཡིན་ཕྱིར་སྤངས་སྒྲུབས་མེད།། བྱ་དང་བྱེད་པ་འཁྲུལ་པ་ཡིན།། འཁྲུལ་པ་ཡིན་ཕྱིར་བྱ་བྱེད་མེད།། ཐོང་འཁྲུལ་ལ་དམ་པར་མ་འཇིན
18a5 དང་། དེ་ཀུན་དམ་པར་མི་འཛིན་ན།། ཡིད་ཀྱི་གཡོ་བ་ཇི་ལྟར་འབྱུང་ས། ཡདི་ཉིད་དམ་པ་མ་ཡིན། གཡོ་དང་མི་གཡོ་སུའི་ཡིན།། ཡིད་ཅིག་དམ་པར་ཡོད་མཐོང་ནས།། གཡོ་བ་སྡང་ཞིང་མི་གཡོ་ཆགས། ཐུན་པོ
18a6 དེ་ཡིས་དོན་མི་མཐོང་།། དེ་བས་ཆགས་སྡང་ཀུན་གྱི་གཞི། བདག་གཞན་ལེགས་པར་བཏང་བར་བྱོས།། དོན་ལ་གཏང་བྱ་གཏད་བྱེད་མེད།། དེ་ཉིད་ལེགས་པར་གཏང་བ་ཡིན།། ཐིག་ལེ་བདག་གཞན་ཡོངས་མེད་ཀྱིས
18a7 ཡོད་ན་ཐིག་ལེ་ཡོད་མིན་གྱིས།། མཐོང་ཐོང་ཉེས་པའི་རྩ་བ་ཐོང་།། བདག་ཉིད་གྲོལ་ནས་སངས་རྒྱས་གཞན་མེད་དེ།། བདག་ཉིད་གྲོལ་བའི་དུས་ཉིད་དུ། དེ་མ་ཐག་ཏུ་ཆགས་པ་ཟད།། དེ་མ་ཐག་ཏུ་འཁོར་བ་དག




iiif viewer powered by OpenSeadragon

17b - 18b

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud