e-texts navigator
Collection
Volume
Page
Wylie

17b1 ཡུལ་སེམས་སོ་སོ་མ་ཡིན་ཏེ།། ཐ~ཾང་སོ་སོ་མ་ཡིན་པས།། རིག་དང་རིག་བྱ་སོ་སོ་མེད། རྔ་བོ་གཉིས་སུ་མེད་པར་འབྲེལ། གཉིས་ནི་རང་རིག་རིག་པ་སྟེ། ཐེག་པ་སེམས་ཅམ་རང་གི་རིག། ཐེག་པ
17b2 དབུ་མ་རང་གིས་རིག། གཞན་ནི་གཉིས་ཀྱི་བྱེ་བྲག་སྟེ།། རིག་པ་བྱ་བ་བྲལ་བ་ནི།། ཆོས་ཉིད་དོན་རིག་ལྷུན་གྱིས་གྲུབ།། དེ་ནི་ཆེ་བ་ལྔ་དང་ལྡན།། ས་བཅུ་ཕ་རོལ་ཕྱིན་བཅུ་རྫོགས།། ལཔ་ལྔ་གཟུངས་དང་ཏིང་འཛིན
17b3 རྫོགས།། གཞི་ནི་ཆོས་ཅན་ཅིག་ཆོས་ཉིད།། གཞི་ནི་རྟེན་འབྱུང་ཅིག་རང་བྱུང་།། གཞི་ནི་སྐྱེས་པ་ཅིག་སྐྱེས་མེད།། གཞི་ནི་འཁོར་བའི་ལམ་ཡིན་ཏེ།། ཅིག་ནི་རྣམ་དག་ལམ་ཆེན་ཡིན།། དེ་རེ་ལ་ཡང་ལམ་ལྔ་སྟེ།
17b4 མདོར་སྡུས་ལྔ་ནི་འདི་ལྟའོ།། སོ་སོ་རང་རེའི་འབྲས་བུ་ལྔའོ།། སོ་སོའི་འབྲས་བུ་དགྲ་བཅོམ་པའོ།། སོ་སོ་མ་ནིང་སེ་རུ་ལྟ་བུའོ།། སོ་སོ་ཡང་དག་འབྲས་བུ་ཤེལ་དག་པ་སྟེ།། བླ་མེད་བྱང་ཆུབ་པའོ།། སོ་སོ་རང་དག
17b5 འབྲས་བུ་བདག་ཉིད་བདེ་བའོ།། སོ་སོ་མ་ཡིན་འབྲས་བུ་ལྷུན་གྲུབ་པའོ།། རིགས་ལྔ་ལམ་ལྔའི་བྱེ་བྲག་ནི།། ཉོན་མོངས་ལྔ་དང་འགྲོ་བ་ལྔ།། འབྱུང་བ་ལྔ་དང་ཕུང་པོ་ལྔ།། འཁོར་འདས་གཉིས་ཀྱི་བསྡུས་པའི་ཆོས
17b6 རིག་པའི་གཞི་ལྔར་རྒྱལ་བས་གསུངས།། དེ་ལས་གཞན་པའི་ཆོས་མེད་ཀྱིས།། དེའི་བྱེ་བྲག་ཤེས་པར་གྱིས།། བསྐལ་ལྡན་བློ་ལ་གོ་བར་གྱིས།། ཅེས་གཞི་ལྔ་ལམ་ལྔའི་གསང་ཐིགས་སྟེ་བཅུ་དྲུག་པའོ།།
17b7 བཅོམ་ལྡན་འདས་གཅོད་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཨེ་མ་འཆིང་བར་མ་བྱེད་དང་།། ཐོང་ཐོང་ཆགས་སྡང་མཐོང་།། རྟོགས་བྱེད་མེད་ཀྱིས་མ་ཆགས་ཤིག། རྟོགས་ཡུལ་མེད་ཀྱིས་མ་ཆགས་ཤིག།




iiif viewer powered by OpenSeadragon

17a - 18a

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud