e-texts navigator
Collection
Volume
Page
Wylie

17a1 ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་།། མདོར་བསྡུས་གཞི་སྔ་ལམ་ལྔ་ཡིན།། རིག་པའི་གཞི་ལྔ་འདི་ལྟ་སྟེ། ཤིན་ཏུ་སོ་སོར་རིག་པ་དང་།། སོ་སོར་མ་ཡིན་རང་རིག་དང་།
17a2 སོ་སོར་ཡང་དག་རང་རིག་དང་།། སོ་སོར་མ་ཡིན་རང་རིག་གོ།། གཞིན་བྱ་བའི་རང་རིག་སྟེ།། ཅིག་ནི་རང་རིག་བྱ་བྲལ་ཡིན།། གཞི་ནི་འཛིན་པས་བསགས་པ་སྟེ།། ཅིག་ནི་རྟོག་པ་དག་པའོ།། ཞིན་བདག་ཡོད་རང
17a3 རིག་སྟེ།། གཅིག་ནི་བདག་མེད་དངོས་བཞིའི་རིག། བདག་དང་རང་དང་རིག་དང་གསུམ།། ཆོས་ཉིད་རིག་པ་མ་ཡིན་པ།། གསུམ་ནི་སོ་སོ་མ་ཡིན་པ།། བླུན་པས་བདག་མེད་རང་རིག་འདོད།། དེ་ནི་མཁས་སྡེ་མ་ཤེས
17a4 པའོ།། དེ་ལ་ལམ་ལྔ་འདི་ལྟ་སྟེ། ཤིན་ཏུ་སོ་སོ་ཉན་ཐོས་སྤོང་། སོ་སོ་མ་ཡིན་རང་རྒྱལ་འགེགས།། བྱེད་སྤྱོད་ཕྱེད་སྒྲུབ་སེམས་ཙམ་སྐྱེ།། ཡུལ་སེམས་མ་གྲུབ་དབུ་མ་སྦྱང་།། ཡུལ་སེམས་གཉིས་མེད
17a5 བྲལ་བསྔགས།། ལམ་ལྔ་དེ་ལྟར་ཤེས་པར་གྱིས།། རང་རིག་ལྔ་ནི་འདི་ལྟ་སྟེ།། ཤིན་ཏུ་སོ་སོའི་རང་རིག་ནི།། དོན་དམ་ཀུན་རྫོབ་གཉིས་དཀར་ནི།། ཡུལ་སེམས་སོ་སོར་འབྲེལ་བ་ཡོད།། ཡུལ་ཉིད་སོ་སོ་སེམས་སོ་སོ།།
17a6 དེ་ཀུན་འབྲེལ་པ་མཚུངས་པར་ལྡན།། སེམས་ནི་ཡང་དག་ཡུལ་བརྗོད་བྲལ། དེའི་འབྲེལ་པ་གོང་དང་མཚུངས། སོ་སོ་ཡང་དག་རང་རིག་ནི།། ཡུལ་ནི་ཀུན་རྫོབ་འཁྲུལ་སྣང་སྟེ།། སེམས་ནི་རང་རིག་ཡང་དག་གསལ
17a7 དེའི་འབྲེལ་པ་རྒྱུན་དང་ལྡན།། སོ་སོ་ཡང་དག་རང་རིག་ནི།། རང་ངམ་གཞན་ཞེས་བརྟགས་པ་ཀུན།། བརྟགས་པས་རང་ཉིད་རང་གིས་སྟོང་། ཐ~ཾད་སྤྲོས་བྲལ་བདག་ཉིད་ཅིག། སོ་སོ་མ་ཡིན་རང་རིག་ནི།།




iiif viewer powered by OpenSeadragon

16b - 17b

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud