e-texts navigator
Collection
Volume
Page
Wylie

16b1 ལས་གྲང་བ་མེད། ཚིག་དེ་ཁྱོད་ལ་འཐད་མི་འཐད། དེ་བས་རང་བྱུང་རྟེན་འབྱུང་གཉིས།། རྒྱུ་འབྲས་འཁོར་འདས་མཁས་པས་རིགརང་བྱུང་ཐ་སྙད་ཡང་དག་རིག། ཐ་སྙད་འབྱུང་རྒྱུ་འབྱུང་བཞི་ཡོད།། དེ་ལས
16b2 དེ་བྱུང་དེ་ལྟར་བྱུང་།། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་།། ཡང་དག་རང་བྱུང་འདི་ལྟ་སྟེ།། འཁྲུལ་བློ་ཟད་པ་ཙམ་ཉིད་ལའོ།། མདོར་ན་དངོས་པོའི་གནས་ལུགས་ནི།། བློ་དང་བློ་ཡུལ་མ་ཡིན་པས། ལྟ་སྒོམ་སྤྱོད་འབྲས་དམ
16b3 ཚིག་དང་།། ཤེས་རབ་སྙིང་རྗེ་བློ་ཡུལ་མེན།། དེ་ནས་དངོས་པོའི་གནས་ལུགས་ཏེ།། བློ་དང་བློ་ཡུལ་དག་པ་ཡིས།། དག་པ་ཡིན་ཏེ་ཡང་དག་མེན།། བློ་ཡུལ་བྱུང་ནས་དག་པ་ནི།། དག་པ་ཡིན་ཞིང་ཡང་དག་ཡིན།། གལ
16b4 ཏེ་གཞི་ལ་བློ་ཡོད་ན།། བློ་དེ་ཇི་ལྟ་བུ་ཞིག་གིས།། ཡུལ་ནི་ཇི་ལྟ་བུ་ཞིག་གིས།། དེ་མེད་ལམ་ལ་ཅི་ཡོད་ཀྱང་།། དེ་ཉིད་མ་ཡིན་དེ་ལས་གོལ།། སྐྱེས་པ་དང་ནི་རང་བྱུང་ཡང་།། ཚིག་འདྲ་འདྲ་ཡའ་དོན་མི་འདྲ།། འཁྲུལ་པའི
16b5 རང་བྱུང་དང་སྐྱེས་ཅིག། ཆོས་ཉིད་རང་བྱུང་ཅེས་བྱ་བ།། མ་བྱུང་མ་སྐྱེས་སྙིང་པོ་སྟེ།། འདི་ལས་འདི་འབྱུང་འདི་ལྟར་འབྱུང་།། འདི་ཡིས་འདི་འབྱུང་འདི་དུས་འབྱུང་།། འབྱུང་བྱ་འབྱུང་བྱེད་མེད་པ་ཡི།། གལ་ཏེ་དེ་རྣམས་གང་ཡོད།
16b6 ཀྱང་།། རང་བྱུང་མན་ཏེ་རྟེན་འབྱུང་ཡིན།། མདོར་ན་རྟེན་འབྱུང་དངོས་ཡིན་ན།། རང་འདས་ཆོས་ཡོད་མི་སྲིད་ཅིང་།། དེ་བས་བློ་བུར་བློ་དག་པས།། འདས་པའི་ཆོས་རྣམས་ལྷུན་གྲུབ་སྟེ།། ཡུལ་སེམས་དམིགས་པ་ཅི་ཡང་མེད
16b7 ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཅེས་རང་བྱུང་དང་རྟེན་འབྱུང་ཁྱད་པར་གྱི་གསང་ཐིགས་སྟེ་བཅཝོ་ལྔ་པའོ།། ། བཅོམ་ལྡན་འདས་དང་རིབ་དང་ལ་ཕྱག་འཚལ་ལོ།




iiif viewer powered by OpenSeadragon

16a - 17a

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud