e-texts navigator
Collection
Volume
Page
Wylie

16a1 དུར་ཉིད་དཀར་པོར་རང་བྱུང་ལ།། བྱ་དང་བྱེད་པ་ག་ལ་ཡོད།། ཆུ་ཉིད་རང་སླན་ལ་སོགས་ལ།། བྱ་དང་བྱེད་པ་ཡོད་དམ་མེད།། ཡོད་ན་རང་སླན་ཅི་ཕྱིར་ཡིན།། བླུན་པོ་ཁ་ཅིག་འདི་སྐད་ཟེར
16a2 རིག་པར་བྱ་དང་བྱེད་པ་ཡིན།། བྱ་བྲལ་རྟོགས་པར་བྱེད་དོ་ཟེར།། བྱ་དང་བྱེད་པར་གཉིས་འདུས་ནས།། བྱ་བྲལ་རྟོགས་པར་བྱེད་པ་ན།། འདུས་ནས་བྱས་ཏེ་བྱས་ནས་བྱ་བྲལ་འདོད་པ་བླ་ན།། རིག་པ་བྱར་མེད་རིག་པ་མེན
16a3 ཞེ་ན།། དཔེར་ན་དུང་གི་དཀར་པོ་ཡང་།། དཀར་བར་བྱར་མེད་དཀར་མེན་ནམ།། དེ་ནི་དཀར་པོ་རང་ཡོད་དོ།། ཞེ་ན་འདིར་ཡང་གཉིས་མེད་ཡེ་ཤེས་དང་།། རྣམ་པར་དག་དང་སྤྱོད་ཡུལ་དག། ལ་སོགས་མཚན་ཚོད་དེ་ལ་བྱ།
16a4 རིག་པར་བྱ་དང་བྱེད་མེད་ན།། བྱ་བ་བྲལ་ཕྱིར་རང་རིག་གོ།། གལ་ཏེ་རིག་པར་བྱ་ཡོད་ན།། རང་བྱུང་རང་རིག་ཅི་ཕྱིར་ཡིན།། རིག་པ་རྐྱེན་གྱིས་སྐྱེས་པ་ན།། རྐྱེན་ཞེས་གཉེན་པོས་ཅིས་མ་འཇིག། རང་གི་ཆོས་ཉིད་དོན་རྟོག་དང
16a5 རྐྱེན་རིག་ཆོས་ཅན་བརྟག་རྟོགས་གཉིས།། རྟོགས་པར་འདྲ་སྟེ་འཁོར་འདས་གཉིས།། རང་རིག་རྒྱུན་ཏུ་མ་གནས་པས།། རྨོངས་པ་ཀུན་ལ་མི་འཐད་དེ།། དེ་ལ་འདི་སྐད་བརྟག་པར་བྱ།། ཁྱོད་རང་ཉིད་ཀྱི་གཞུང་ལྟར་ན།། ད་ལྟར
16a6 རྟོགས་པ་ཡོད་དམ་མེད།། ཡོད་ན་རྒྱུན་དུ་གནས་མི་གནས།། གནས་ན་གཟུང་འཛིན་ཡོད་དམ་མེད།། ཡོད་ན་རྟོག་པ་ཅི་ཕྱིར་ཡིན།། མེད་ན་མངོན་སུམ་ཉིད་དང་འགལ།། རྟོགས་དང་ས་ངྱས་ཅིག་མི་ཅིག། ཅིག་ན་སངས་རྒྱས
16a7 སྐྱེས་ནས་ཅན།། མ་རྒྱས་ཅིས་གནོད་རྒྱས་ཅི་ཕན། མི་ཤེས་མཁས་པ་འདི་སྐད་ཟེར།། རྐྱེན་གྱིས་རྟོགས་ཏེ་རང་རིག་ཡིན།། རྟོགས་དགོས་བྱ་བྲལ་སྦོམ་དགོས་ལྷུན་གྱིས་གྲུབ།། དཔེར་ན་འཇིག་རྟེན་ཆོས་ནི།། མེ་ཡིན




iiif viewer powered by OpenSeadragon

15b - 16b

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud