e-texts navigator
Collection
Volume
Page
Wylie

15b1 རྐྱེན་བྱུང་བ་དང་།། ཅིག་ནི་བྱ་བྲལ་ཅིག་བྱས་པ།། ཟེར་ཏེ་དེ་ལ་འདི་སྐད་བརྟགས།། དེ་གཉིས་ཅིག་གམ་ཐ་དད་བརྟགས།། ཐ་དད་ཅིག་བེམ་ཅིག་རེག་སྟེ།། ཡང་ན་གཉིས་ཀརྫ་སུ་ཐལ།། ཡང་ན་འདུས་བྱས་འདུས་མ།
15b2 བྱས།། ཡང་ན་སྒྱུ་འབྲས་འགལ་པའོ།། ཅིག་ནི་རྟོགས་རྐྱེན་རག་ལས་བཞིན།། ཆོས་ཉིད་རྐྱེན་ལ་རག་ལས་འགྱུར།། དེ་ལ་སོས་པའི་རྐྱེན་རྣམས་བྱུང་།། དེ་ནས་མི་རྟོགས་ཞེས་ན་ནི།། ཆོས་ཉིད་མ་རྟོགས་གྲོལ་མེད
15b3 པས།། འཁོར་བ་སྟེ་ཆད་ཉིད་དུ་འགྱུར།། དོན་དམ་ཀུན་རྫོབ་གཉིས་ཀ་རྟོགས་པར་མེད་ཟེར་ན།། བེམ་པོ་ཉིད་དུ་འགྱུར་བའོ།། ཡང་ན་ཆོས་ཉིད་བྱ་བ་བྲལ་བ་བཞིན་དུ། རྟོགས་པར་ཡང་བྱ་བ་བྲལ་བར་ཐལ།། ཀུན
15b4 རྟོག་སུ་ཡོད་དམ་མེད།། དོན་དམ་མི་རྟོགས་དོན་དམ་མི་རྟོགས་དོན་དམ་ཀུན་རྫོབ་གཉིས་ཀར་བསྟན།། ཨེ་མ་དོན་ཉིད་ཡེ་ནས་སྤྲོས་བྲལ་ལ།། ལྟོས་པ་གཉིས་ལ་བརྟེན་པ་མེད།། འཁྲུལ་ཡང་འཁྲུལ་པ་སོང་འགྱུར་མེད
15b5 ལྟར་སྣང་རང་དོར་རང་དག་པསདའདས་ཆོས་ཀུན་གྲུབ་ལྟོས་པ་མེད།། ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས།། ཅེས་སྐྱེ་བ་མེད་པའི་གསང་ཐིགས་སྟེ་བཅུ་བཞི་པའོ།། །
15b6 བཅོམ་ལྡན་འདས་རང་རིག་དང་ལ་ཕྱག་འཚལ་ལོ།། རང་གིས་རང་རིག་ལེས་དང་།། གཞན་གྱིས་གཞན་རིག་རྣམ་རྟོག་གཉིས།། བླུན་པས་ནམ་ཡང་ཤེས་མི་འགྱུར།། རིག་དུ་ཡོད་པའི་རང་རིག་དང་།། གཉིས་མེད་བྱ་བྲལ
15b7 རང་རིག་གཉིས།། སེམས་ཀྱི་ཡུལ་དང་རང་རིག་ཡུལ།། འཁྲུལ་པའི་སེམས་དང་བྱང་ཆུབ་སེམས།། སེམས་མེན་ལོགས་ནས་སེམས་འདོད་དང་། སེམས་དང་སེམས་ཉིད་རྟག་ཏུ་འདྲེས།། འབྱུང་རྒྱུ་ཡོད་པའི་རང་བྱུང་ནི




iiif viewer powered by OpenSeadragon

15a - 16a

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud