e-texts navigator
Collection
Volume
Page
Wylie

15a1 མཚོན་ཚོད་བརྟན།། རྨོངས་པ་ཁ་ཅིག་འདི་སྐད་ཟེར།། ཆོས་ཉིད་མི་སྐྱེ་རྟོགས་སྐྱེ་ཟེར།། སྐྱེ་དང་མི་སྐྱེ་སོ་སོའི་ཕྱིར།། གཉིས་ཀརྫ་སུ་ཡོད་པར་ཐའ།། གཉིས་སྐྱེ་ཆོས་སྐྱེ་སུའི་ལུགས།། ཡང་ན།།
15a2 ཆོས་ཉིད་མི་སྐྱེ་བ། ཡོད་ནས་མེད་སྐྱེ་མེད་མི་སྐྱེ།། ཡོད་ན་རྟགས་ཏེ་མེད་ན་ཆད།། གལ་ཏེ་བསམ་གྱི་མི་ཁྱབ་ན།། རྟོགས་དང་སྐྱེ་མེད་དམ་བཅས་འགལ།། རྨོངས་པ་ཚད་མས། རྟོགས་འདོད།། ཚད་དང་ཆོས་ཉིད་ཅིག་ཐ་དད།།
15a3 ཐ་དད་གཉིས་ཀ་རྫ་སུ་ཐལ།། ཅིག་ན་རང་རྟོགས་ཚད་བྱེད།། གང་གི་དམ་བཅའ་འགལ་བའོ།། གལ་ཏེ་ཅིག་མིན་ཐ་དད་མིན་པ་ན།། འབེབས་མིན་མི་འབེབས་མིན་པར་འགྲོ།། དོན་མིན་ཀུན་རྫོབ་འབེབས་ཟེར་ན།། ཀུན་རྫོབ་དོན་དན།
15a4 ཕན་མི་ཕན།། ཕན་གདགས་ཀུན་རྫོབ་ཅི་ཕྱིར་ཡིན།། མི་ཕན་ཀུན་རྫོབ་བདེན་མེད་ཐལ།། རྟོགས་བྱ་རྟོགས་བྱེད་ལྷན་སྐྱེས་པ།། བྱ་བྱེད་མེད་པས་སྐྱེ་མེད་རྟོགས།། ཆོས་རྣམས་གཉིས་སུ་མེད་པ་ལ།། རྟོགས་བྱའི་དུས་སུ
15a5 རྟོགས་བྱེད་མེད།། རྟོགས་བྱེད་དུ་སུ་རྟོགས་བྱ་མེད།། འཁོར་བའི་དུས་སུ་ལུང་འདས་མེད།། མྱང་འདས་དུ་སུ་འཁོར་པ་མེད།། འཁྲུལ་དང་མི་འཁྲུལ་དེ་དང་མཚུངས།། རྟོགས་བྱ་རྟོགས་བྱེད་ཐ་དད་ལ།། རྨོང།།
15a6 པ་གཉིས་མེད་རང་བྱུང་ཟེར།། འབྱུང་རྒྱུ་ཡོད་པས་འགག་རྒྱུ་ཡོད།། དེ་ནི་འཁྲུལ་པའི་རང་བྱུང་ངོ་།། རྟོགས་པར་བྱ་བྱེད་གཉིས་བྱུང་ནས།། གཉིས་མེད་ཟེར་བའི་རྨོངས་པ་དང་།། ཐབ་སྒོ་དུ་མས་རྟོགས་བྱས་ནས།།
15a7 རང་བྱུང་བྱ་བྲལ་ཟེར་པ་དང་།། སློབ་པ་ཁ་ཅིག་འདི་སྐད་ཟེར།། རྟོགས་པ་རྐྱེན་དང་ཐབས་ལ་རག། རྟོགས་པའི་ཁྱུ་བྲལ་ཞིང་།། རང་བྱུང་ཡིན་ནོ་ཟེར་བ་ཡོད།། རྟོགས་དང་རྟོགས་དོན་སོ་སོ་ལ།། ཅིག་ནི་རང་བྱུང་ཅིག




iiif viewer powered by OpenSeadragon

14b - 15b

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud