e-texts navigator
Collection
Volume
Page
Wylie

14a1 ཤེས་པར་གྱིས།། དེ་ལས་གཞན་ཡོད་མ་ཡིན་ནོ།། ཅེས་དང་རང་བཞིན་བདག་ཉིད་ཆེན་པོའི་གསང་ཐིགས་སྟེ། བཅུ་གཉིས་པའོ།།
14a2 བཅོམ་ལྡན་འདས་སྐུ་བཞིའི་བདག་ཉིད་ཆེ་ལ་ཕྱག་འཚལ་ལོ།། འདྲེས་ཡོངས་རྫོག་ཚུལ་བཞི་འདི་ལ་སྟེ།། རྫོགས་ཆེན་གནས་ཚུལ་འཁྲུལ་ཚུལ་རྟོག་ཚུལ་བརྟན་ཚུལ་བཞི།། སྐུ་བཞིའི་ངོ་བོར་འབྱུང་བ
14a3 མཚོན་ཚོད་མི་སྤོངས་མཚོན་པ་འདུས།། གནས་ཚུལ་ཡོད་པར་གནས་པ་དང་།། མེད་པར་གནས་དང་གཉིས་ཀར་གནས།། དབྱེར་མེད་གནས་པ་རྫོགས་པ་ཆེ།། འཕྲུལ་ཚུལ་རྣམ་རྟོག་ཀུན་རྫོབ་སྟེ།། རང་བཞིན་རྟོགས
14a4 དང་ཆེད་བྱས་རྟོགས།། ཡང་དག་ཀུན་རྫོབ་ལོག་པ་རྫོབ།། ཤེས་རབ་རྣམ་གསུམ་ལ་སོགས་པའོ།། རྟོགས་ཚུལ་རྟོགས་སུ་ཡོད་པ་དང་།། རྟོག་སུ་མེད་དང་གཉིས་ཀ་དང་། གཉིས་ཀ་མེད་དང་གཉིས་མེད་དོ།། རྟོགས་ཡོད་རྫས
14a5 དེ་རྟགས་པ་ཉིད།། རྟོགས་མེད་ཆད་དེ་རྟག་པའོ།། ཅིག་ཡོད་ཅིག་མེད་བེམ་པོ་སྟེ། གཉིས་ཀཽ་དྲིག་ཉིད།། གཉིས་སུ་མེད་པ་བྱ་བ་བྲལ།། དེ་ལ་མཚོན་ན་ཆོས་ཉིད་རྟོགས།། གཞན་ནི་ཆོས་ཅན་རྟོགས་པའོ།། འཁྲུལ་པས
14a6 ཆོས་ཉིད་རྟོགས་ནུས་ན།། འཁྲུལ་པ་ཉིད་ཀྱང་ཅི་ཕྱིར་ཡིན།། ཆོས་ཉིད་ཆོས་ཉིད་ཇི་ལྟར་རྟོགས།། རྟོགས་ན་སྤྲོས་བྲལ་ཇི་ལྟར་ཡིན།། བརྟན་ཚུལ་ལ་ཡང་རྣམ་གཉིས་ཏེ། བློ་ཡོད་པ་ཡི་བརྟན་པ་དང་།། བློ་མེད་པ་ཡི་བརྟན་པ་སྟེ།
14a7 མདོ་བན་བརྟན་དུ་ཡོད་པ་དང་།། བརྟན་དུ་མེད་དང་གཉིས་ཀ་དང་།། གཉིས་ཀ་མ་ཡིན་དབྱེར་མེད་ལ།། མཚོན་ཚོད་བརྟན་ཞེས་མཁས་པས་རིག། མདོར་ན་ཆོས་རྣམས་ཐམས་ཅད་ཀུན།། ཀུན་རྫོབ་རྣམ་གཉིས་འཁྲུལ་པ་སྟེ།




iiif viewer powered by OpenSeadragon

13b - 14b

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud