e-texts navigator
Collection
Volume
Page
Wylie

13b1 ཉིད་ཆེན་པོ་འ།། རང་བྱུང་དང་སྟེ་རང་བཞིན་དང་།། གཉིས་མེད་བདག་ཉིད་ཆེན་པོའོ།། བྱ་བ་བྲལ་བ་དང་ཉིད་དེ།། བྱེད་པ་བྲལ་བ་རང་བཞིན་ནོ།། གཉིས་སུ་མེད་ལས་བདག་ཉིད་ཆེ།། ཤེས་བྱ་ཡོད་པས་ངང་དང་བྲལ།།
13b2 འབེབས་པོ་ཡོད་པས་རང་བཞིན་བྲལ།། དེ་གཉིས་ཡོད་པས་བདག་ཉིད་བྲལ།། སྐུ་གསུམ་བྲལ་བར་མཁས་པས་རིག། རང་བྱུང་ལ་ཡང་རྣམས་གཉིས་ཏེ།། འབྱུང་བྱ་འབྱུང་བྱེད་ཡོད་པ་དང་།། འབྱུང་བྱ་འབྱུང་བྱེད་མེ
13b3 པ་ཡིས།། འཁོར་འདས་གཉིསུ་མཁས་པས་རིག། འཁྲུལ་པ་ཡིན་ཕྱིར་མི་བདེན་དང་།། དངོས་གཤིས་ཡིན་ཕྱིར་བདེན་པསོ།། མ་བྱུང་རང་བྱུང་ཅི་ཕྱིར་ན།། བྱ་བྱེད་མེད་པས་རང་བྱུང་ཡིན།། འཁྲུལ
13b4 པ་ཤེས་བྱ་ཤེས་བྱེད་ཡོད།། མདོར་ན་སྙེས་ལའི་རང་བྱུང་དང་།། མ་སྐྱེས་པའི་རང་བྱུང་ངོ།། སྐྱེས་པ་འགག་དང་སྐྱེ་འགག་མེད།། རྣམ་རྟོག་རང་འབྱུང་རང་ཞི་བ།། འཁོར་འདས་གཉིས་བཏགས་པ་ལྔ།། གཞན་ནི
13b5 ཅི་ཡང་ཡོད་མ་ཡིན།། མ་སྐྱེས་པའི་རང་བྱུང་ལ།། ཆོས་ཉིད་རང་བྱུང་ཡེ་ཤེས་ཡིན།། བློ་སྐྱེས་པའི་རང་བྱུང་ལ།། འཁྲུལ་པ་ཞེས་སྟེ་འཁོར་བ་ཡིན།། རྣམ་རྟོག་རང་ཉིད་ཞི་བ་ལ།། རྟོགས་པའི་ཡེ་ཤེས་མྱ་ངན
13b6 འདས།། རྟོགས་མེད་རྟོགས་པ་ཅི་ཕྱིར་ན། དོན་དང་ཡང་དག་ཡིན་པའི་ཕྱིར།། ལྟ་བ་མེད་པར་ལྟ་བ་དང་།། རིག་པ་མེད་པར་རིག་པ་ནི།། ཡང་དག་རིག་པར་སེམས་པས་སྔགས།། འདི་ནི་སྦྲུལ་གྱི་དུག
13b7 བཞིན་ཏེ།། དབྱུང་བར་རིག་པ་མེད་པར་ཁོབ།། རང་བྱུང་རང་ཞི་བ། རྒྱུ་དང་གཉེན་པོ་ཅི་ཡང་མེད།། དེ་བས་མཁས་པ་བློ་ལྡན་གྱིས། ཅིན་པོ་དེ་ཉིད་ཤེས་པར་གྱིས།། གཉིས་པ་ཐ~ཾད་འཁྲུལ་བའི་བློ།། རང་གི་ངོ




iiif viewer powered by OpenSeadragon

13a - 14a

Texts on this page

Gbr008.6 - rdzogs pa chen po snying khrid man ngag gi rgyud