| | e-texts navigator
|
13a1 ལ་སོགས་རག་མས་དང་།། བསྒོམ་དུ་ཡོད་པས་བྱ་བྲལ་མེད།། དེ་བས་ཐ~ཾད་དབྱེར་མེད་པས།། ལྷན་ཅིག་སྐྱེས་ལ་ཅི་ཅི་སྤོངས། དབྱེར་མི་ཕྱེད་ལ་གང་གང་གནས།། དེ་དེ་ཉིད་ལ་ཇི་ལྟར་ལྟོས
13a2 གཉིས་སུ་མེད་ལ་རག་ཅི་ལས།། སྒོམ་དུ་མེད་ལ་སངས་ཅི་རྒྱ།། བློ་ཉིད་རང་གྲོལ་འཁོད་པ་དག། བླུན་པས་དེ་ལྟར་མ་ཤེས་སྟེ།། ཤེས་རིག་ཡོད་པའི་བདག་མེད་སྨྲ།། བདག་མེད་ཤེས་པ་སུའི་ཡིན།། ཡུལ་མེད་ཅི་ཞིག་ཉམ་སུ
13a3 མྱོང་།། ཉམས་མྱོང་སྤྲོས་པ་ཅི་ཕྱིར་བྲལ།། བླུན་པོ་དེ་ནི་མུན་པ་མཇལ།། དེ་ནི་ནམ་ཡང་ཐར་མེད།། དེ་པས་བསྐལ་ལྡན་ཁྱོད་ཀྱིས་ནི།། ས་བཅོས་ཕྱེད་ལྔའི་དོན་ལ་ལྟོས།། མ་སྒྲིབས་ཡེ་ཤེས་དོན་ལ་ལྟོས།། འགྱུར་མེད
13a4 གནས་ལུགས་དོན་ལ་ལྟོས།། སེམས་མེད་དམིགས་མེད་དོན་ལ་ལྟོས།། ཅེས་ཆེ་བ་ལྔའི་གསང་ཐིགས་བསྟན་པ་སྟེ་བཅུ་གཅིག་པའོ།། །། བཅོམ་ལྡན་འདས་བྱ་བྲལ་གཉིས་མེད་དང་ལ
13a5 ཕྱག་འཚལ་ལོ།། བྱ་བྲལ་གཉི་སུ་མེད་པ་ཡང་།། གཏན་ལ་ཅིས་འབེབས་ཅིའི་ཕྱིར།། གཞན་གྱི་བློ་ལ་ཅི་ཡིས་བསྒྲུབ།། སྒྲུབ་དུ་ཡོད་ན་བྱ་བྲལ་མེད།། མེད་ན་གཏེ་ཆད་ངལ་དོན་མེད།། ཞེས་ན་གཏན་ལ་དབབ་དང་ཤེས་ཡོད་ན།
13a6 བྱ་བྲལ་གཉིས་མེད་ནམ་དུ་མེན།། བློ་ལ་གྲུབ་པར་འདོད་པ་ཡང་།། འདོད་པས་བྱ་བྲལ་གཉིས་མེད་བསྲིངས།། མ་གྲུབ་རྣམ་རྟོག་འཁྲུལ་པས་བཅིངས།། བཅིངས་པ་ཅི་གྲོལ་ཞེས་ན་ཡང་།། རྣམ་རྟོག་རང་བྱུང་རང་ཞི་སྟེ།། བླུན་པས
13a7 དེ་ལྟར་མ་རྟོགས་པས།། ལུང་དང་མན་ངག་རང་རིག་དུ།། སེས་དཔས་ཡིད་ཆེས་པསྐྱེད་ཕྱིར་བཤད།། གཉིད་མེད་མི་གནོད་རང་སྣང་ཡིན།། དེ་བས་འདི་ལྟར་ཤེས་པར་གྱིས།། ལུང་ནི་ངང་སྟེ་མན་རང་བཞིན།། རང་རིག་བད།།
iiif viewer powered by OpenSeadragon
12b - 13b