| | e-texts navigator
|
12b1 ཐབས་ཀྱི་རྒྱལ་པོར་ཤང་།། ཐེག་པ་གསུངས་པའི་དོན་དང་ལྡན། བདེ་གཤེགས་པ་ས་འགྲོ་དོན་གྲུབ།། འཁྲུལ་པ་ཟད་དང་མ་ཟད་ཀྱིས།། འཁོབ་འདས་རྟོགས་དང་མ་རྟོགས་དང་། གཉིས་དང་གཉིས་མེད་རྒྱུན་དང་དུམ། ཟློ་དེ་ཟད།
12b2 དང་མ་ཟད་དང་།། ག་སྡང་མི་ལྡང་ལ་བྱས་པ་ལས།། ཐམས་ཅད་དེ་ཡིན་བཞན་ན་མེད།། དཔེར་ནན་མཁའི་རང་བཞིན་ལ།། དངས་དང་མ་དང་ག་ལ་ཡོད།། སྤྲིན་ཉིད་བྱུང་དང་མ་བྱུང་གིས།། གས་པ་དང་མི་གསལ་ལ་སོགས་བརྗོད།
12b3 དཔེར་ན་ཉི་མའི་ངོ་བོ་ལ།། གྲང་དྲོ་ལ་སོགས་མེད་མོད་ཀྱིས།། སྤྲིན་ཡིན་ཐད་དང་མ་ཟད་ཀྱིས།། ཉི་མ་གྲང་དྲོད་མཐོང་ཞིང་བཏགས།། དེ་བཞིན་རྣམ་དག་ཡེ་ཤེས་ལ།། སྐྱེ་འཆི་རྒྱུ་རྐྱེན་ཡོད་མིན་ཏེ།། ཡིད་ཀྱི་གཡོ་བ་ཡོད་མེད་ཀྱིས
12b4 རྟོགས་བརྟན་འཁོར་བ་ལ་སོགས་ཀུན།། མཁས་པས་དེ་ལྟར་ཤེས་པར་གྱིས།། དེ་ཡང་ཐམ་པད་རང་བྱུང་བའོ།། འཁྲུལ་བློ་ཟད་དང་མ་ཟད་ཀྱིས།། དཔེ་དོན་ཁྱད་པར་ཤིན་ཏུ་ཆེ།། མདོར་ན་ཆོས་ཉིད་ཅེས་བྱ་བ།། རྟག་ཏུ་ཡོད།
12b5 ན་རྫ་སུ་གྲོལ།། རྟག་ཏུ་མེད་ན་ཆད་པ་ཉིད།། རིག་ན་སེམས་ཡོད་མ་རིག་སྟེ།། མ་རིག་བེམ་པོ་ཉིད་དུ་འགྱུར།། དེ་བས་ཚུལ་ནི་བཞི་སྒོ་ནས།། མཁས་པས་འདི་བཞིན་ཤེས་པར་བྱོས།། གནས་ཚུལ་འཁྲུལ་ཚུབ་རྟོགས་ཚུལ་རྟོག
12b6 པ་གཏང་ཚུལ་དང་བཞི་ལ།། མཁས་པས་ལུང་བཞིན་འདི་ལྟ་སྟེ། ཆོས་དང་ཆོས་མིན་དབྱེར་མེད་ཅིང་།། སེམས་དང་སེམས་མེན་དབྱེར་མེད་ན།། ཆོས་ཀྱི་དབྱིངས་སམ་བྱང་ཆུབ་སེམས།། ཡིན་པས་ཀུན་གྱི་རྩ་བ་ཡོད།། དབྱེར་མི
12b7 ཕྱེད་པས་རྫོགས་ཆེན་ཆེ་ལྔས་སྤགས།། ཤེས་རིག་རྡུལ་ཙམ་བྱུང་ན་ཆེ་ལྔ་སངས་རྒྱས་བྲལ།། རིག་པ་ཡོད་པས་མ་རིགས་སངས།། ཡུལ་སེམས་གཉིས་གནས་མ་གནས་ཅིང་།། ཡུལ་རྫོགས་ལྟོས་སམ་མ་ལྟོས་ཅིང་།། རྟོག་པ
iiif viewer powered by OpenSeadragon
12a - 13a