| | e-texts navigator
|
4b1 ཁ་དོག་ལྔ་ཡི་རྩ་བ་དེ།། འཇའ་ཚོན་ལྔ་ལ་འདུས་པ་ཡིན།། འཇའ་ཚོན་ལྔ་ཡི་རྩ་བ་ཡང་།། ངོ་བ་འོད་ལ་འདུས་པ་ཡིན།། ལྟ་སྒོམ་སྤྱོད་པ་འབྲས་བུ་ཡང་།། རང་བྱུང་ཐིག་ལེ་གཅིག་ཏུ་འདུས།། ཆོས་སྒོ་བརྒྱད་ཁྲི་བཞི
4b2 སྟོང་ཡང་།། ཤེས་རབ་ཉིད་ལ་འདུས་པ་ཡིན།། སྐུ་ལྔ་ཡིས་ལྔ་པོ་ཡང་།། ངོ་བོ་ཉིད་ཀྱིས་ཡིས་དང་། ངོ་བོ་སྐུ་ལ་འདུས་པ་ཡིན། བྱང་ཆུབ་སེམས་དཔའ་དུམ་ཡང་།། ཀུན་བཟང་བྱང་ཆུབ་སེམས་ལ་འདུས།། འགྲོ
4b3 འདས་དུ་མར་སྣང་བ་ཡང་།། ཐིག་ལེ་ཟང་ཐལ་ཆེན་པོར་འདུས།། འགྲོ་བ་རིག་དྲུག་སྣང་བ་ཡང་།། འགྱུ་བ་གཅིག་པོ་ཉིད་ལ་འདུས།། ལམ་ལྔས་ཆུ་སྣང་བ་ཡང་།། འགྱུ་བ་ལས་ཁྱེར་ཉིད་ལ་འདུས།། དཔེ་རྟགས་ངོ་སྤོང་བསམ་ཡས་ཀྱང
4b4 གྱུ་བའི་མིག་ལ་སྤྱད་པར་འདུས།། འཁོར་འདས་དུ་མར་སྣང་བ་ཡང་།། ཐིག་ལེ་བང་ཐལ་ཆེན་པོར་འདུས།། ཞེས་གསུང་སོ།། སོ་མངས་ལྟ་བའི་སེམས་ཅན་ལ། སྐྲ་ཤང་ལྟ་བུའི་སེམས་ཅན་ལ།། དེ་ལ་བསྟན་ན་སྙན་དུ
4b5 འགྱུར།། ཞབས་བརྡོལ་ལྟ་བའི་གང་ཟག་ལ།། དེ་ལ་བསྟན་པས་འབྲས་བུ་རླག། གཞོག་རལ་ལྟ་བུ་གང་ཟག་ལ།། དེ་ལ་བསྟན་ཡང་རྡོ་ལ་གྲོས་འདེབས་འདྲ།། དུག་ཅན་ལྟ་བུའི་གང་ཟག་ལ།། བསྟན་ན་ཕྲ་མ
4b6 མཁན་ཐོག་འདྲ།། སྐྱེས་བུ་སོ་མ་ངེས་པ་འམ།། བློ་ཆེན་དང་པ་ལྡན་པ་ལ།། གཏོང་ཕོང་ཆེ་ཞིང་ཕྱི་ཚེས་ཆེ།། ཚ་འདི་མི་ལྷའི་གང་ཟག་དང་།། བྱང་ཆུབ་ཡུན་དུ་བསྒྲུབ་པ་ལ།། ཕུང་བྱེད་སྲོག་བཅོད་འདི་བྱིན་ན།། ཙ་དན་གབུར་འགྲོན
4b7 བ་བཞིན།། དྲི་མཆོག་ཆེ་ཞིང་ཁྱད་པར་འཕགས།། ལན་གྲངས་མང་པོར་མ་རྟགས་པར།། དཀོར་མཛོད་གཏོད་པར་ཅང་ནུས་སམ།། དཀོར་ནི་རིན་པོ་ཆེ་བཞིན་ནོ།། ཁ་རུ་མ་འབྱིན་མ་སྨ་ཅིག། ཁ་ཅིག་ནང་དུ་བླངས་ནས་སུ།། འདམ་ཀྱི
iiif viewer powered by OpenSeadragon
4a - 5a