e-texts navigator
Collection
Volume
Page
Wylie

3b1 རྣ་བནམ་པོའི་ཆུང་ལ་ས།། སྤྱོད་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་དག་བཀའ་སྩལ་པ།། ལོངས་སུའི་བདག་པོ་ཆེན་པ་ཉན། འབྲས་བུའི་ངོང་ལ་རྣམ་གསུམ་སྟེ།། སེམས་ཉིད་སྟོ།
3b2 བསྒོམས་སྤྱད་པ་ཡིས།། འབྲས་བུ་བསྐལ་པ་བདུན་གསུམ་ན།། ཀུན་དུ་འོད་ལས་སྒྲོལ་བར་འདོད་པའོ།། སྐྱེད་རྫོགས་སྒོམ་སྤྱད་འབྲས་བུ་ཡིས།། ཚེ་བདུད་ལྔ་དང་ཚེ་ཅིག་གིས།། བཅཝོ་ལྔ་བཅུ་གསུམ་གཉིས་དག་ན།།
3b3 དེ་ཡི་ས་ལ་ཕྱིན་པར་འདོད།། འདོད་ཁམས་འབྲས་བུར་མ་ཕྱིན་པས།། འབྲས་བུ་རོ་ལ་ངས་བྱེད་པ་ཡིན།། དེ་ཡི་ཕྱིར་ན་མཆོག་བསྟན་ཏེ།། འབྲས་བུ་སངས་རྒྱས་ཅེས་བྱའོ།། སངྱས་སྐུ་གསུམ་ངོ་བོ་ཉིད།། འདོད་མཁན་ག།
3b4 ལམ་འབྲས་བུར་སྤང་།། དེ་ཡི་འབྲས་བུ་སྐུ་གསུམ་སྟེ།། ང་ལྟ་ཉིད་དུ་གནས་པ་ཡིན།། གཞི་ཡིན་ཆོས་སྐུར་ངོ་སྤྲད་པས།། གཞི་གསུམ་ཤེས་ན་ངོ་སྤྲོད་ཡིན།། དེ་བསྟན་ཚིག་ནི་ང་སྤྲོད་ཡིན།། དེ་ལ་དཔེ་ཡི་ངོ་སྤྲོད་ནི།
3b5 ཀུན་བཟང་བརྡའི་ངོ་སྤོང་ནི།། ཆུ་ནང་བཞིན་བསྟན་ལྟ་བུར་ངོ་སྤྲད།། དེ་སྤྲད་བཤད་མི་དགོས་པར་རྟོགས།། དཔེ་ནི་བྱད་དང་མེ་ལོང་བསྟན་པ་ལྟར།། མེ་ལོང་གཡའ་མ་ཕྱི་དགོས་བཞིན།། དཔེ་བསྟན་དོན་ཉིད་བཤད་པ་སྤྲད།།
3b6 རྟགས་ཀྱི་ངོ་སྤོང་རྣ་བ་ལ།། གྲགས་པ་ཙམ་གྱི་སྒྲོ་འདོགས་ཆོད།། དོན་གྱི་ངོ་སྤོང་མིག་ལ་སྤྲང་།། མཐོང་བ་ཙམ་གྱི་སྒོམ་མཁན་དང་།། ལྟ་སྤྱོད་འབྲས་བུ་དུས་གཅིག་གོ་ལ། ལུས་མེད་ལུས་ཡོད་ཁོང་གསལ་དུས།། ཞིང་ཁ
3b7 རྣམ་དག་སངས་རྒྱས་གསུང་། ཐུགས་རྗེ་ཡིས་ཐུགས་ཀྱི་མཆོག། ཡོན་ཏན་ཡིས་ཟང་ཐལ་ཡིན།། ཕྲིན་ལས་མིག་གཅིག་དྲི་མེད་མཁྱེན།། འབྲས་བུ་ཀུན་ཏུ་འོད་ལ་ཐོབ།། དགོངས་པ་རྒྱ་མཆེད་པ་ཡིན།། སྒྲིབ་ཡོགས་ལུས




iiif viewer powered by OpenSeadragon

3a - 4a

Texts on this page

Gbr008.5 - ro bsreg thal ba nag po thams cad rdzogs par 'dus pa'i rgyud kyi rgyal po