| | e-texts navigator
|
3a1 གཏར་རྟོག་མེད་མ་སློབ་པར་ཡང་སྐྱེ།། ངགྲ་ཆུ་སྤངས་བཏབ་མ་གསད་པར་ཡང་ཆེ།། ཐེ་ཚོམ་མཆོད་བློན་པོ་སྒོམ་པ་སློབ། ཤེས་ལོང་མེད་པར་དབྱུགས་པ་རིངས།། དམ་ཚིག་རྩ་བ་ཆེན་པོ་ཉམས། འཆི་ཡང་།
3a2 སྟོང་ན་ནར་ཀན།། ཞེས་གསུངསོ།། རོ་སྲེག་ཐལ་བ་ནག་པའི་རྒྱུད་ལས།། བསྒོམ་པ་ངོ་སྤྲོད་པའི་རོ་སྲེག་དམར་བྱང་གི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ལོངས
3a3 སྐུའི་བདག་པོ་ཁྱོད་ཉོན་ཅིག། སྤྱད་བྱའི་ཐབས་ལ་མང་ཡོད་ཀྱང་།། ཐུན་མོང་ཁྱད་པར་མཆོག་དང་གསུམ།། ཐུན་མོང་དུག་ལྔ་སྤངས་ནས་སྤྱོད་པ་དང་།། སྦྱངས་ནས་དགེ་བཅུ་ཕྱིན་དྲུག་སྤྱོད།། གྲང་མེད་བདུན་ནས་གསུམ་དུ་སྤྱོད།། ཁྱད་པར་དུག
3a4 ལྔ་ལ་སོགས་གནས་བསྒྱུར་ནས།། སྦྱོར་སྒྲོལ་བདུད་རྩི་རྣམ་པ་ལྔ།། མི་ཆེ་ཅིག་ཏུ་སྤྱོད་པ་རྟོག་འཇོམས་སྤྱོད་ཡིན་ནོ།། འཇོམས་ངན་མ་ཆོམས་ཡུལ་ཆོམས་སྙམ།། སྙམ་བྱེད་རྟོག་པ་སླར་ལ་ཚེ།། མཆོག་གི་སྤྱོད་པ་འདི་ཡིན་ནོ།། བཞི་མོའི་དོན་ལ
3a5 སྤྱོད་ཤེས་ན།། ཐད་མ་ལུས་དུས་གཅིག་སྤྱད།། དགོངས་པ་མ་ལུས་དུས་ཅིག་རྟོགས།། སྤྱད་པས་རྟོགས་ཏེ་དགོངས་པ་ཤར།། བཀག་སྦྱངས་རྣམ་རྟོག་སངས་རྒྱས་གང་།། རྒྱུ་འགག་ཕྱིར་ན་འབྲས་བུ་མེད།། བསྒྱུར་བ་འབྲས་བུ་ཐོབ་ཅེ་ན།
3a6 པོར་བསྒྱུར་མོར་སྒོམས་མོར་འགྲོ་མེད།། བརྟགས་པས་རྟོག་ཏེ་ཐེ་ཚོམཆོད།། བློ་ཉིད་དོན་རྟོགས་དོན་སྤྱད་ན། བློ་ཉིད་དོན་ལྟར་ཤར་བ་ཡིན།། དོན་དང་རིག་པ་དབྱེར་མེད་བྱེད།། རིག་པ་ཡེ་ཡིན་རིག་པ་ཆེན་པོ་རྟག། བྱེ་མ་པར་ཆིར་རྡོལ
3a7 གསེར་དུ་སྐོམ་པ་དང་། ཁ་བསགས་ཅ་ལྟར་ཚུལ་འཆོས་གཞོག་རོབ་ཅན། མུན་པ་མོད་པ་ཐང་སྙིང་ཅན། ཚུལ་འཆོས་རྒྱལ་པོ་བློན་པོ་ལྟར།། འཚེ་འཆིམ་བསྟན་བསྟན་ན་དམྱལ་བར་ཐོང་།། ཞེས་གསུངས་སོ།། ཐལ
iiif viewer powered by OpenSeadragon
2b - 3b