e-texts navigator
Collection
Volume
Page
Wylie

1b1 ཨུ་རྒྱན་སྐད་དུ། བཀ་ལ་ཀ་སཱ་ཤ་ར་རན་ཏན་ཏྲ། རྒྱ་གར་སྐད་དུ། ཙ་དུ་བི་ཧ་བི་ན་ཡ་ཏད་ད་སནྟ་དེ་ཝ་སརྦ་ཀ་ལ་ཏནྟྲ་ན་མ་མ་ཧཱ། བོད་སྐད་དུ། རོ་སྲེག་ཐལ་བ་ནག་པོ
1b2 ཐམས་ཅད་རྫོགས་པར་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལས་ཀྱི་མངའ་བདག་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། རྣམ་པར
1b3 དག་པའི་ཞིང་ཁམས་ཆེན་པོའི་གནས།། རང་སྣང་ཐིག་ལེར་རྟོགས་པའི་དུས་ཉིད་ན།། ཟེར་དང་རྩལ་དང་ལོངས་སྐུ་དང་།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་།། འཇམ་དཔལ་སྤྱན་རས་གཟིག
1b4 མི་གཡོ་མགོན་པོ་ཡང་།། ཆོས་སྐུ་ཟེར་དང་རྩལ་དང་ལོངས་སྐུ་བྱང་ཆུབ་སེམས་དཔའ་དང་།། བསྡུ་ན་ཆོས་སྐུ་ལོངས་སྐུ་བྱང་ཆུབ་སེམས་དཔའ་དང་།། རྒྱུ་དང་གཞི་མོས་ཐམས་ཅད་ཁྱབ་པ་ཡིན།། ངག་དང་མ་དག




iiif viewer powered by OpenSeadragon

1a - 2a

Texts on this page

Gbr008.5 - ro bsreg thal ba nag po thams cad rdzogs par 'dus pa'i rgyud kyi rgyal po