e-texts navigator
Collection
Volume
Page
Wylie

3b1 ཆུབ་སེམས་སེང་གེ་འཁྱིལ་པའི་དགོངས་པས། བདུད་བཞི་ལ་ཡེ་ཤེས་བཞིའི་རྒྱས་གདབ་པོ།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། མ་བྱོན་པར་མཁྱེན་ནས། ཐུགས་རྗེའི་སྤྲུལ་པ། ཡེ་ཤེས་ཀྱི་རྣལ་འབྱོར་མ
3b2 བཞི། ལྗགས་ཀྱི་འོད་ཟེར་ལས་འཕྲོས་ཏེ། རྡོ་རྗེ་ཐུགས་ཀྱི་བུ་མོ་ཞེས་ཀྱང་བྱ། ཉིད་ཀྱི་སྐུ་ལས་སྐྱེས་པས། ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་རྣལ་འབྱོར་མཿཞི་ཞེས་ཀྱང་བྱ། འཁོར་བ་ཞེས་གནོན་ཅིང་སྡུག་བསྔལ་རྩད་ནས་གཅོད
3b3 པས། སྲིད་པ་སྒྲོལ་ཁྱེབ་ཀྱི་ཁྲོ་མོ་བཞི་ཞེས་ཀྱང་བྱའོ།། འདས་དུས་མ་བྱོན་པའི་མངོན་རོལ། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། ཡེ་ཤེས་རྣམ་དག་གི་དབྱིངས་ནས། ཉིད་ཀྱི་ཞལ་བཟང་པོ་བསྟན་ནས། དུར་ཁྲོད་ཆེན་པ་བཞིར
3b4 མ་འགྱུར་བའི་གཟེར་ཆེན་པོ་ཞིག་བཏབ་ནས། བཛྲ་སཱ་ཧཱུཾ་ལི་ཀ་ར་བཞི་བཞག་ནས་ཡོད་ཀྱིས། ལག་ན་རྡོ་རྗེ་ཁྱོད་དེར་སོ་ཅིག། དུར་ཁྲོད་ཆེམ་པོ་བསིལ་བའི་ཚལ་ན།། མཁའ་འགྲོ་མ་རོ་རྦ་ཤ་ན་ཏི་། ཐོད་པའི་ཁ་ཅན་བྱ་བས། གཟེར་ལྟ་བུའི་གདམ
3b5 ངག་བསྟན་ཏོ།། དུར་ཁྲོད་ཆེན་པོ་མེ་རི་འབར་ལ་ཞེས་བྱ་བ་ནས། མཁའ་འགྲོ་མ་རྡོ་རྗེ་ཁྲོ་གདོང་མ་བྱ་མས། ཐོགས་པ་མེད་པ་ཐོག་ལྟ་བུའི་མན་ངག་བསྟན་ཏེ། དུར་ཁྲོད་ཆེན་པོ་སོ་ཤའི་གྲིབ་ཞེས་བྱ་བ་ནས། ཀ་རུ་ཎ་ན་མཁའ་ལྡིང་དང་། ཤིང་གི་སྲ
3b6 མོ་འཆབ་མ་གཉིས། ཡིད་ཀྱི་མཆོས་པའི་བུ་མོ། མཁའ་འགྲོ་ནམ་ཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་ཞེས་བྱ་བས། གངས་ལ་ཉི་མ་ཤ་ལ་ཝཱ་བུའི་གདམས་ངག་སྟོན་ཏོ།། དུང་ཁྲོད་ཆེན་པོ་ཤིན་དུ་རུ་ལུང་བྷ་ར་ཧ་ཏི་བྱ་བ་ནས། མཁའ
3b7 འགྲོ་མ་གཙུག་གི་རྒྱན་གཅིག་བྱ་བས། ཕྱིར་མི་བཟློག་པ་སྐར་མདའ་ལྟ་བུའི་གདམས་ངག་སྟོན་ཏེ། བཛྲ་པུ་ཧྱ་ཛྙཱ་ན་མ་ཧཱ། རཏྣ་བྷ་ཡེ་སྭཱ་ཧཱ། རྡོ་རྗེ་གསང་བ་ཆེན་པོའི་སྐུ། རིན་ཆེན་དབྱིགས་གི་སྒྲོན་མའི་མན་ངག། རང་བྱུང་རིག་པའི་རྒྱལ་པོ་ལ




iiif viewer powered by OpenSeadragon

3a - 4a

Texts on this page

Gbr008.4 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo