e-texts navigator
Collection
Volume
Page
Wylie

9b1 པ་འདི་རང་འབྱུང་དུ་བསྒྲལ་ན།། སྙིང་པོ་བྱང་ཆུབ་སེམས་ཀྱིས་དོན་མ་ནོར་བར་རྟོགས་པ་ཡིན་ཏེ།། དེས་ན་འདི་སྐད་ཅེས་བཤད་པར་བྱའོ།། རྣལ་འབྱོར་རྟོགས་པའི་སྒྲུབ་པ་ནི། མ་བསྒྲལ་ཕ་བསྒྲལ་གདོད་ནས་དག། ཆུང་མ་བུ་བསྒྲལ་རྣམ་རྟོག
9b2 མེད།། ཡིད་འོང་གཉེན་བསྒྲལ་བདེ་བ་ཐོབ།། སངས་རྒྱས་འབྲས་བུ་ཐག་མི་རིང་།། གོམས་ལྡན་སྐྱེས་བུས་གྲུབ་པར་བྱོས།། དེ་སྐད་ཅེས་བཀའ་སྩལ་པས།། རྡོ་རྗེ་སེམས་དཔའ་འགྱོད་པ་སྐྱེས་ནས།། ཤིང་ཏུ་གདུངས་པས་འདི་སྐད་ཅེས་གསོལ་ཏོ།།
9b3 ཆོས་ཀྱི་དབྱིངས་ལ་སྤྲོས་པ་མེད་པ་ལ།། གཟུག་ནི་གཉིས་སུ་ལྟ་བ་ཐང་རེ་ཆད།། དངོས་པོ་མཚན་པར་འཛིན་པ་ཉོན་རེ་མོངས།། སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱིས།། ཀུན་ཏུ་བཟང་པོ་བཟུང་ངན་མེད་ལྔ།། གཙང་དང་རྨེ་བར་བལྟ་བ་ཐང
9b4 རེ་ཆང་བཟང་དང་ངན་པར་འཛིན་པ་ཉོན་རེ་མོངས།། ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི།། མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ།། བདག་དང་གཞན་དུ་བལྟ་བ་ཐང་རེ་ཆད།། ཆེ་ཆུད་གཉིས་སུ་འཛིན་པ་ཉོན་རེ་མོངས།། མཉབ་ཉིད་བདེ་ཆེན་ཀློང
9b5 དུ་བཤགས་པར་བགྱིས།། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ།། འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད།། སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས།། འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱིས།། ཐིག་ལེ་ཆེད་པོར་གྲཝ་ཟུར་མེད་པ་ལ།། གཟུགས་དང་རྫས
9b6 སུ་བལྟ་བ་ཐང་རེ་ཆང་།། གྲཝ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས།། སྤྲོས་མེད་ཐིག་ལེའི་ཀློང་དུ་བཤགས་པར་བགྱིས།། དུས་གསུམ་འགྱུར་བ་མེད་པའི་རང་བཞིན་ལ།། ཐོག་མ་ཐ་མར་བལྟ་བ་ཐང་རེ་ཆད།། འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས
9b7 དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱིས།། རང་བྱུང་ཡེ་ཤེས་བརྩལ་བ་མེད་པ་ལ།། རྒྱུ་དང་འབྲས་བལྟ་བ་ཐང་དེ་ཆང་།། རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་དེ་མོངས།། རང་བྱུང་བརྩལ་མེད་ཀློང་དུ་བཤགས་པར་བགྱིས།། རིག་པའི་ཡེ་ཤེས




iiif viewer powered by OpenSeadragon

9a - 10a

Texts on this page

Gbr008.2 - 'phrin las thams cad kyi rgyal po skabs sbyor bdun pa'i rgyud