| | e-texts navigator
|
9a1 སྒྲུབ་པའི་འཕྲིན་ལས་སོ། མ་བརྩལ་བཞག་པར་གང་སྒྲུབ་པ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། བཅོས་མེད་སྙིང་པོར་གང་སྒྲུབ་པ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། མཉམ་པ་ཉིད་དུ་གང་སྒྲུབ་པ།། འདི་ཡང་།
9a2 སྒྲུབ་པའི་འཕྲིན་ལས་ཡིན།། ཐིག་ལེ་ཆེན་པོར་གང་སྒྲུབ་པ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། མ་བཀག་ཀློང་དུ་གང་སྒྲུབ་པ། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། ཀུན་ཏུ་བཟང་པོར་གང་སྒྲུབ་པ། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།
9a3 སྒྲུབ་པའི་རྒྱལ་པོ་རྩོལ་བ་ལ།། ཐ~ཾད་སྒྲུབ་པས་ཐ~ཾད་འགྲུབ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན་ནས་གྲུབ་ཙམ་ཉིད་ན་གྲུབ་པ་མེད།། སྒྲུབ་མེད་རྩལ་ན་རྫོགས་ཀྱང་རྫོགས་ནསྙིང་པོ་བྱང་ཆུབ་བཅོས་མེད་པ།། རྒྱུ་འབྲས་མེད་པའི་དངོས་གྲུབ་འདི།། སངས
9a4 རྒྱས་བྱང་ཆུབ་ཉིད་ཀྱིས་མཁྱེན།། གང་ལ་ཕྱོགས་ཆར་བསྟན་པ་འདི། ད་ནི་བདེ་གཤེགས་སྙིང་པོ་མེད།། དོན་དང་འཐུན་པའི་རྣལ་འབྱོར་པས།། དོན་ལ་ཐེ་ཚོམ་མེད་པའི་བློས།། བསྔགས་པ་བློ་ལྡན་འདི་ལྟར་བསྒྲུབ།། དེ་ནི་ནམཁར་འགྲོ་ཞེས་བཤད
9a5 ཕ་དང་མ་ལ་སོགས་པ་དང་།། བུ་དང་ཆུང་མ་གང་ཡིན་པ།། ཡིད་འོང་ཆགས་པའི་གནས་ཆེན་དེ།། རྟོག་པས་བསྒྲལ་བ་བསྒྲུབ་པ་བརྩལ།། བྱང་ཆུབ་སྙིང་པོར་འགྲུབ་ཞེས་བཤད།། དེ་སྐད་ཅེས་སྟོན་པས་བཀའ་སྩལ་པ་དང་། རྡོ་རྗེ་སས་དཔའ་རྟོག་པ
9a6 སྐྱེས་ནས་དང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་པ་དང་མ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ལ་སོགས་པའི་དེ་སྒྲུབ་པའི་མཆོག་ཏུ་གསུང་བ་སྟེ།། ཨེ་མ་ཧོཿ། ངོ་མཚར་ལགས་ན། ཞེས་གསོལ་པ་དང
9a7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ཕ་རིག་པ་དང་། མ་འདོད་ཆགས་དང་། བུ་སྙིང་རྗེ་དང་། ཆུང་མ་ཉོད་མོངས་པ་དང་། ཡང་འོངས་གཉེན་སྡུག་རྟག་ཆང་རྣམས་ནི།། རང་བཞིན་གྱིས་མི་གནས་པས་ན།། དེ་མ་སྐྱེས
iiif viewer powered by OpenSeadragon
8b - 9b