| | e-texts navigator
|
15b1 ཡིད་བཞིན་རིན་ཆེན་འབྱུང་བའི་གཏེང་།། སློབ་དཔོན་བློ་ལྡན་མན་ངག་ཅན།། ངེས་པའི་སྒོ་འབྱེད་གང་ཡིན་པ།། ཕངས་མེད་ཡོན་གྱི་སྣ་དྲངས་ནས།། ལུས་ངག་ཡིད་གསུམ་ཕུང་པོ་རྣམས།། རྩེ་བས་གུས་པས་དབུལ་བར་བྱའོ།།
15b2 སློབ་དཔོན་དེ་ལ་མཆོད་བྱས་ནས།། ཕྱོགས་བཅུའི་སངས་རྒྱས་མཆོད་དང་འདྲ།། བླ་མ་དེ་ལ་ཕུལ་བྱས་ན།། སངས་རྒྱས་བཀུར་སྟི་བྱས་པ་ཡིན།། རྡོ་རྗེ་སློབ་དཔོན་བསྙས་བྱས་ན།། སངས་རྒྱས་ཐམས་ཅད་བསླུས་དང་འདྲ།། སློབ་དཔོ།
15b3 བསྐུར་བ་མ་བྱས་ཞིང་།། མན་ངག་ངེས་པར་མ་ཐོབ་པར།། གང་ཞིག་ལུང་ལ་སྤྱོད་པ་དེ།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དུས་གསུམ་ནམ་དུ་མི་འབྲལ་ཞིང་།། བླ་མ་དེ་ལ་ཡོན་གྱིས་བླའོ།། ཐུགས་ཉིད་བྱང་ཆུབ་སེམས་དྲངས་ནས
15b4 རྒྱལ་བ་ཀུན་ལ་མཆོད་དང་འདྲ།། གཉིས་མེད་དངོས་གྲུབ་དེ་ཡིས་ཐོབ།། སངས་རྒྱས་ཉིད་དུ་དེ་འགྱུར་རོ།། དེ་ནས་རིག་ཀྱི་བུ་མཆོག་དེས།། རྒྱུད་འདི་གཞུང་དང་མཐུན་པར་མཉན།། ལེགས་པར་བསྒྲིབས་ལ་སེམས་ལ་བཅང་།། སྔགས
15b5 དང་ཕྱག་རྒྱ་རྒྱུན་མི་གཙང་།། དུས་དང་གྲངས་དང་བསྐལ་པའི་རྒྱུན།། འདི་དག་རྣམསུ་བར་མ་གཅད།། གསང་བ་ལ་ནི་དབྱེར་མེད་ཀྱང་།། དམ་ཚིག་ཉམས་ལ་གསང་བ་དང་།། གཞན་དུ་མིན་ལ་ཤིན་ཏུ་གསང་།། སྤྱད་པར་བྱ་བ་དེ་དག
15b6 ལ།། གང་ཡིན་རིམ་པས་གས་ལ་རྟོགས་ནས།། ངེས་པར་ཕྱེ་སྟེ་བཤད་པའི་ཕྱིར།། ལུང་ལས་བཀྲོལ་ཏེ་བསྟན་པར་བྱའོ།། དེ་སྐད་ཅེསབཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔས་གསོལ་པ།། བཅོམ་ལྡན་འདས
15b7 ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་དང་བྲལ་ཏེ།། ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་གང་ལགས།། དེ་ཅིའི་སླད་དུ་དམ་ཚིག་གི་རིམ་པར་ཕྱེ་བ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ཕྱོགས་བཅུ་དུས
iiif viewer powered by OpenSeadragon
15a - 16a