e-texts navigator
Collection
Volume
Page
Wylie

12b1 སྣང་གསལ་དགུ་ནི་རིག་པའི་གདེང་།། དག་པོ་སྐྱེས་བུ་ཆེན་པོའི་ལྷ།། རྡོ་རྗེ་ལ་ཡང་ཉིད་འབྱོར་པས། དང་དོན་དུ་ཡང་སྒྲུབ་པའི་ལྷ།། གཞན་ནས་སངས་རྒྱས་ཉིད་མེད་པས།། དུ་གསུམ་རྒྱལ་བས་འདི་བསྔགས་པའོ།། དེ་ནས་རྡོ་རྗེ་སེམས།
12b2 དཔས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། ངོ་མཚར་རབ་འབྱམ་གྱིས། སངས་རྒྱས་སྤྱོད་པ་ཁྱད་པར་ཆེའོ།། ཇི་ལྟར་སྤྱད་ཀྱང་དོན་དང་མཐུན།། འདྲེན་པའི་ལྷ་ལ་ཕྱག་འཚལ་བསྟོད།། ཅེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁམས
12b3 གསུམ་གྱི་སེམས་ཅན་ཐམས་ཅད་རྒྱུ་རྣམ་པར་དག་པ་མ་རྟོགས་པས།། ལས་དང་སྤྱོད་པ་ཐམས་ཅད་འཁོར་བའི་རྒྱུད་ཉིད་དུ་གོལ་བས།། རྣལ་འབྱོར་པ་གསར་བུ་དོན་མ་རྟོགས་པས།། ཐེ་ཙོམ་ཟ་བ་ལ་གང་ཟག་ར་ཆོད་མཁན་གྱིས
12b4 བཀའ་ཕྱིན་ཅི་ལོག་ཏུ་བསླང་།། རྒྱུ་ལས་ལོག་པར་ཁྲིད།། དྲག་ཤུལ་བཙན་ཐབས་ལ་ནི་སྟོན་པ་འཇིག་རྟེན་སྒྲོན་མས་ཀྱང་མ་བཏུལ།། ང་རྒྱལ་གྱི་བརྩན་ཚིག་ལ་བྱམས་པའི་ཏིང་འཛིན་གྱིས་ཀྱང་མ་བསྒྱུར།། གཏི་མུག་གི་ཚེ་དག་ལ་ཞི་བའི་ཆོས
12b5 ཀྱི་ཀྱང་མ་ཁྲོལ་བ།། ལྟ་བ་མེད་པའི་ར་ཆོད་དམ་ཚིག་ཉམས་པའི་གཟུ་ལུམས། སྤྱོད་པ་རྩིང་པོའི་ཐོ་ཚོ།། མན་ངག་མེད་པའི་བརྩན་སྦྱོར། སྙིང་རྗེ་མེད་པའི་བརྩན་སྒྲོལ། ཐར་པའི་ལམ་ནུབ་ཅིང་། བདེན་པའི་གཞུང་ཤོར་བའི་གང་ཟག་སྲན
12b6 པོའི་སྤྱོད་པ་བྱེད་པ་རྣམ།། དང་པོ་ཐབས་ཀྱིས་འདུལ་བའི་ཕྱིར། ཨོཾ་ཧ་ཧེ་ཕཊ་བྷྱོ། དེ་ནས་དྲག་པོས་འདུལ་བར་མཛད་པའི་ཕྱིར། གུ་ཧྱ་རུ་ཀ་རུ་ཏྲ་ཚལ་པ་ཧ་ན་ཧ་ན་ཧཱུཾ་ཕཊ། དེ་ནས་མངོན་སྤྱོད་ཀྱིས་འདུལ་བའི་ཕྱིར། གུ་ཧྱ་རུ་ཏྲ་མ་ར
12b7 ཡ་སྥ་བན་ཙན་ཀྲ་པྲ་བེ་ཤ་ཡ་ཕཊ། དེ་ནས་རྣམ་ཤེས་ཧཱུཾ། དེ་ནས་ཕུང་པོ་བྷྲཱུཾ། དྲི་ནས་དུབ་གསུམ་ཕཊ། དེ་ནས་རྒྱུ་དྲུག་ཧཾ། དེ་ནས་ལྟ་བས་འདུལ་བར་མཛད་པའི་ཕྱིར། ཞི་ཞི་དེ་དེ་མ་མ་ཨ། དེ་ནས་དོན་དང་མཐུན་པར་བྱ་བའི་ཕྱིར




iiif viewer powered by OpenSeadragon

12a - 13a

Texts on this page

Gbr008.2 - 'phrin las thams cad kyi rgyal po skabs sbyor bdun pa'i rgyud