| | e-texts navigator
|
2b1 ནམགས་པ་དྲི་ཞིམ་པོ་སྣ་ཚོགས་པ་དང་ཆོས་ཉིད་རང་སྣང་ངན་གྱི་མེ་ཁོད་དུ། ཐུབ་པ་ཀྱི་བྱིན་པརླབས་ཆེན་པོ་མཛད་ནས། མཆོངས་ཀྱང་པར་ཅན་བརྗོད་པས་མི་ལང་བ་དང་། ཐུབས་ཀྱི་སྭཱ
2b2 རྣམས་ཀྱིས་མཛད། བསྐོར་བ་བརྗོད་ཀྱིས་མི་ལང་པ་ཡང་མཛད།། བརྐྱང་ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས་འདི་སྐད་ཞུས་སོ།། ཀྵེ་གསང་བའི་བདག་པོ་ལགས།། ཁམས་གསུམ་འཁོར་བའི་སྡུག
2b3 བསྔལ་མི་བཟད་པ།། གང་ལས་བྱུང་ཞིང་ཇི་ལྟར་འཁྲུལ་པ་ལས།། སངས་རྒྱས་ཆེ་བའི་ཡོན་ཏན་ཐམས་ཅད་མ་འགགས་པ།། ཇི་ལྟར་བྱུང་ཞིང་གང་ལྟར་འཁྲུལ་པ་ལས།། མྱ་ངན་འདས་པའི་བྱིན་བརླབས་འགགས་མེད་བརྗོད
2b4 པས་མི་ལང་པས། གང་ལས་བྱུང་ཞིང་ལྟར་འཆར་པ་ལགས།། གསང་བའི་བདག་པོས་བསྟན་དུ་གསོལ།། ཞེས་ཞུས་སོ།། འཁོར་འདས་ཀྱི་གླེང་སྤང་བའི་ལེའུ་སྟེག་གཉིས་པའོ།། །
2b5 ཡང་དེའི་ཚེ་དེའི་དུས་ན།། གསང་བའི་བདག་པོ་དོས། གསལ་བ་རྣམ་པ་ལྔའི་འཕངས་བསྟོད་དོ།། དཔལ་རྡོ་རྗེ་འཛིན་པས་ཞུས་པ་ལྟར་གཟིགས་ནས།། གཟིགས་སྟངས་རྣམས་པ་གསུམ་བྱུང་སྟེ།། དེ
2b6 ཡང་གསུམ་གང་ཞེས་ན།། སེམས་ཅན་གྱི་སྔགས་བསྔལ་ལ་གཟིགས་པ་དང་ཅིག། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་གཟིགས་པ་དང་གཉིས། མྱ་ངན་ལས་འདས་པའི་སྐུ་མཉམ་པ་ལ་བཞུགས་གཟིགས་པ་དང
2b7 གསུམ། དེའི་ཚེ་དེའི་དུས་ན། གསང་བའི་བདག་པ་དཔལ་ཀུན་ཏུ་བཟང་པོ་དོ་ཡིས། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ལ། ཐུགས་རྗེའི་སྤྱན་གྱིས་གཟིགས་ནས། སྡུད་པའི་གསང་བདག
iiif viewer powered by OpenSeadragon
2a - 3a