e-texts navigator
Collection
Volume
Page
Wylie

2a1 ཐེ་ཆོས་ཉིད་མཉམ་པའི་ངང་ལ་བཞུགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས།། མོས་པ་ཆེན་པོ་སྔོན་དུ་བཏང་ནས། སེམས་ཅན་གྱི་ཉོན་མོངས་པ་གཞོམ་པའི་ཕྱིར་བསྐོར་བ
2a2 བྱས་བརྐྱང་ཕྱག་འཚལ་ཏེ། མདུན་དུ་བཞུགས་ནས་འདི་སྐད་ཅེས་ཞུས་སོ།། ཀྵེ་ཀྵེ་གསང་བའི་བདག་པོ་ལགས།། སེམས་ཅན་དམྱལ་བའི་སྡུག་བསྔལ་ཧ་ལ་མི་ཟད་པ།། རྨི་ལམ་ལྟ་བུ་འཁྲུལ་པའི་སྣང་བ་ལ།། ཁམས
2a3 གསུམ་འཁོར་བའི་སྡུག་བསྔལ་མི་བཟང་བ།། དངོས་མེད་དངོས་སུ་སྡང་བ་འདི།། ཐུགས་རྗེ་སྤྱན་གྱིས་གཟིགས་སུ་གསོལ།། ཅེས་ཞུས་ནས་ཡང་བརྐྱང་ཕྱག་འཚལ་ལོ།། རིན་པོ་ཆེ་གསེར་གྱི་རྒྱ་མདུང་ལས་གླིང་བཞིའི་ཡེ
2a4 སྟེ་དང་པོའོ།། ། དེའི་ཚེ་དེའི་དུས་སུ།། གསང་བའི་བདག་པོ་ཆེན་པོ་དོ།། ཆོས་ཉིད་མཉམ་པའི་ངཔལ་བཞེངས་ནས། ཆོས་ཀྱི་སྐུའི་ཕོ་བྲང་། ཆོས་ཉིད་དག་པའི་གཞལ་ཡས་ཁང་དེ་རུ
2a5 ཞབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས།། ཐུགས་རྗེས་ཆོས་བརྟགས་ཀྱི་ཕྱག་རྒྱ་མཛད་པ།། སྐུ་རིན་པོ་ཆེ་ལས་ཀྱང་འོད་ཟེར་བྱེ་བ་ཕྲག་ཁྲིག། ཕྱོགས་བཞི་མཚམས་བརྒྱད།། སྟེང་འོག་རྣམས་སུ་སྲས་སོ།། གསང་བ
2a6 ལྔ་ཡི་ཡེ་ཤེས་འཕངས་བསྟོད་།། སྐུ་གསལ་བའི་འབྲི་བརྗིད་དང་ལྡན་པར་བཞུགས་སོ།། ཡང་དེའི་ཚེ་དེའི་དུས་སུ།། དཔལ་རྡོ་རྗེ་འཛིན་པ་ཞེས་བྱ་བ་དེས།། བྱིན་གྱིས་འརླབས་ཀྱི་ཐུགས་ཀྱི་སྤྲུལ་པར་མཛད་ནས།
2a7 གསང་བའི་བདག་པོ་དེ་མཉེས་པར་བྱ་བའི་ཕྱིར། རིན་པོ་ཆེ་ཁྱད་པར་ཅན་བརྗོད་པས་མི་ལང་པ་དང་། མེ་ཏོག་ཁྱད་པར་ཅན་དབྱངས་དང་ལྡན་པ་དང་།། ཁ་དོག་ཤིན་ཏུ་མཛེས་པ་རྣམས་དང་།། ཙན་དན་དཀར་པོ་ལས




iiif viewer powered by OpenSeadragon

1b - 2b

Texts on this page

Gbr008.14 - rin po che gser gyi rgya mdud