| | e-texts navigator
|
1b1 རིན་པོ་ཆེ་གསེར་གྱི་རྒྱ་བདུད་ཅེས་བྱ་བ།། རང་བཞིན་ལྷུན་གྱིས་གྲུབ་པའི་སྐུ།། དབྱིངས་ཀྱི་ཀུན་ཏུ་བཟང་པོ་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།།
1b2 དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ།། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས།། དབྱིངས་ཀྱི་ཀུན་ཏུ་བཟང་པོ་ཞེས་བྱ་བ།། ཀུན་གཞི་ལྷུན་གྱིས་གྲུབ་པའི་ཀློང་ཆོས་ཉིད
1b3 ཀྱི་ནམ་མཁའ་ཆེན་པོ་ཆོས་ཀྱི་ཕོ་བྲང་།། བཻ་དཱུརྱ་ཞུན་མ་དང་ཕྱོགས་འཐུན་པ།། ཙནྡ་དཀར་པོའི་དྲི་དང་།། གུ་གུལ་དཀར་པོའི་དྲི་དང་།། དཀར་གསུམ་རེང་བུའི་དྲི་དང་། དྲི་ཞིམ་པོ་དེ་རྣམས
1b4 དང་ཕྱོགས་མཐུན་པའི་དྲི་ཞིམ་སྣ་ཚོགས་ཀྱི་རྒྱན་པ། གསེར་ལ་ག་ཡུ་ཡིས་སྤྲས་པ་དང་། ཕྱོགས་འཐུན་པའི་ཆོས་ཉིད་དག་པའི་གཞལ་ཡས་ཁང་ཆེན་པོ་དེ་ན།། དཔལ་ཀུན་ཏུ་བཟང
iiif viewer powered by OpenSeadragon
1a - 2a