| | e-texts navigator
|
9b1 ཉིད། བདེ་བ་སྣང་ཟའ་ཡས་ལ།། མི་འགག་པ་ནི་རིན་ཆེན་འབྱུང་།། ཐོག་མེད་དོན་ཡོད་གྲུབ་པ་ཉིད།། རིགས་ལྔའི་སངས་རྒྱས་འདི་དག་རྣམས།། སེམས་ཉིད་དང་དུ་སྣང་བ་ཡིན།། ཡུམ་ཆེན་ལྟར་ནི་སྣང་བ་ཡ
9b2 སྦྱང་པ་ན་མཁའི་དབྱིངས་ཕྱུག་མ།། གསལ་གས་ནི་སངས་རྒྱས་སྤྱན།། བདེ་བ་མེ་ནི་གོས་དཀར་མོ།། མི་འགག་ཆུ་ནི་མ་མ་ཀི། ཐོགས་མེད་རླུང་གི་དམ་ཚིག་སྒྲོལ།། སེམས་དཔའ་སེམས་མའི་ཚོགས་ཆེན
9b3 ནི། སྲས་ཀྱི་ཚོགས་སུ་སྣང་བ་ཡང་།། སྟོང་པ་ཁྲོ་ལ་སྒོ་བར་སྣང་།། གསལ་གསའི་སྙིང་པོ་ལ།། བདེ་བ་སྤྱན་རས་གཟིགས་ཉིད།། མ་འགག་ན་མཁའི་སྙིང་པོ་དང་།། ཐོགས་མེད་ཕྱག་རྡོ་རྗེའོ།། སྟོང་པ
9b4 གཤིན་རྗེ་ཁྲོས་པ་ཉིད།། གསལ་བ་ལྷ་མོ་སྒེག་མོ་ལ།། བདེ་བ་པེ་ཝང་ཀླུ་ལེན་མ།། མ་འགག་མི་ཕྲེང་བ་མ།། ཐོགས་པ་མེད་པ་གར་མཁན་ཉིད།། སྟོང་པ་ཁྲོ་བོ་སྟོབས་པོ་ཆེ།། གསལ་བ་བྱམས་པའི་སྐུརུ
9b5 སྣང་། མི་འགག་སྒྲིབ་པ་རྣམ་ཧཱ་སེལ།། ཐོགས་པ་མེད་པ་འཇམ་དཔལ་ཉིད།། སྟོང་པ་ཁྲོ་མོ་སྟོབས་ཆེན་མ།། གསལ་བ་ལྷ་མོ་སྤོས་མ་ཉིད།། བདེ་བ་ལྷ་མོ་མར་མེ་མ།། མི་འགག་པ་ནི་མེ་ཏོག་མ།། ཐོགས་པ་མེད་པདྲྀ
9b6 ཆ་མ། སྟོང་པ་རྟ་འསྤྲིན་ཆེན་པོ་ལ།། གསལ་བ་རྟ་འགྱེན་ཡུམ་ཡིན་ཏེ།། བདེ་བ་བདུད་རྩི་འཁྱིལ་བ་ལ།། མི་འགག་པ་ནི་ཡུམ་དུ་གནས།། ཐོགས་པ་མེད་པ་སྒོ་བའི་ལས།། སྟོང་པ་ལྷ་དང་ལྷ་མིན་ཐུབ།། གསལ
9b7 བ་མའི་ཐུབ་པ་སྟེ།། བདེ་བ་ཡི་དགས་ཐུབ་པ་ལ།། མི་འགག་པ་ནི་བྱོལ་སོང་ཐུབ། ཐོག་མེད་དམྱལ་བའི་ཐུབ་པའོ།། སྟོང་པ་ཀུན་ཏུ་བཟང་པོ་ལ།། གསལ་བ་ཀུན་ཏུ་བཟང་མོ་སྟེ།། བདེ་བ་ཡབ་ཡུམ་འདུ་འབྲ
iiif viewer powered by OpenSeadragon
9a - 10a