| | e-texts navigator
|
6b1 སེ་གེ་འཁྱིལ་པའི་དགོངས་པ་ལས། ཕྱི་ནང་གསང་བ་སྒྲུབ་པ་ནི།། རྟག་བཞི་བདུད་བཞི་རྒྱས་གདབ་བཞི། གངས་ལ་ཉི་མ་ཤར་བ་དང་།། ཐོག་དང་གཟེར་དང་ཁྱུད་དང་ནི། སྐར་མདའ་ལྟ་བུའི་མན་ངག་གིས།། ཕྱག་ན་རྡོ་རྗེ
6b2 མེ་ལྕེའི་ཕྲེངས་སྲད་པའི་འཁོར་ལོ་བཞི་པ་ཡིན།། རག་གསུམ་རིགྲོ་ཁྱལ་སྤྱི་དང་བཞིས།། མུ་ཁྱུད་གྲོང་ཁྱེར་བཞི་ཡིས་མཛེས།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ན་མཁའ་ལས།། མ་གི་རྒྱུད
6b3 སྐོར་བ་ཞི་གཏན་ལ་ཕག་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་དཔག་བསམ་ཤིང་གི་ལྡོམ་ཤིང་རྒྱས་པལ་ཏིང་ངེ་འཛིན་ལ་བཞུགས་ནས་འདི་གསུངས་སོ།། དཔའ་བསམ་ཡོངས་སུ་ས་བསྣོལ་ཤིག
6b4 ཙ་བ་རྣམ་པ་ལྔར་ཟུག་པ་ཁ་པདྨ་འཁྱིལ་པ་བསྐུའི་རྒྱུད།། ཆོས་དབྱིས་ཡེ་ཤེས་བསྟན་པར་བྱེད།། རྡོ་རྗེ་རྩེ་མོ་གསུང་གི་བརྒྱུད།། སོ་སོར་རྟོགས་པའི་ཡེ་ཤེས་གཅོད།། རིན་ཆེན་དབུངས་པ་ཐུགས་ཀྱི་བརྒྱུད་།། མེ་ལོང་དྷ
6b5 ཡེ་ཤེས་གསལ། བསོད་ནམས་བྱམས་བརྩེགས་པ་ནི།། མཉམ་ཉིད་ཡེ་ཤེས་ཡོན་ཏན་རྒྱུད།། འཕྲིན་ལས་མཁའ་གསལ་ཉི་མ་ནི།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། དཔག་བསམ་ཤིང་གི་རྩ་བ་ལྔ།། སྡོང་པོ་གཅིག
6b6 ཏུ་དྲིལ་ནས་གནས།། ལྟ་བའི་རང་ངོ་བོརབ་ཤར་བས།། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད།། ལྟ་བའི་གནད་རྣམས་ཡོངས་སྤྱོད་པ།། འཁོར་བ་དོང་དཀྲུགས་ཆེན་པོའི་རྒྱུད།། ཆོས་ཉིད་དོན་ལ་བསྒོམ་དུ་མེད།། གང་ཟག་བློ་ལ་སྒོམ
6b7 དུ་ཡོད།། མཉམ་པར་བཞག་པས་བསམ་གཏན་བསྒོམ།། རྗེས་ཀྱི་ཤེས་པ་སྤྱོད་པ་བྱེད།། རྣལ་འབྱོར་རབ་འབྲིང་ཐ་མས་བཅད།། རྨ་གྱ་འཇིང་སྣོལ་རྒྱུད་ཆེན་གཉིས། འབྲས་བུ་སྐུ་དང་འོད་ཟེར་ནི།། མཛེས་པའི་ལྷ་མོ་འོད
iiif viewer powered by OpenSeadragon
6a - 7a