| | e-texts navigator
|
6a1 ཕ་རོལ་ཕྱིམ་པ་ཀུན་རྫོགས་ནས།། ས་རྣམས་ཀུན་གྱི་བརྒྱན་དང་ལྡན།། དགོངས་པ་ཕྱིནཔ་ཀུན་འདུས་པས།། འཇམ་དཔལ་དགོངས་ལ་འདུས་མཚན།། ཆོས་ཀྱི་སྐུལ་ལོངས་སུས་འརྒྱན།། ལོངས་སུ།
6a2 ཡེ་ཤེས་རྣམ་ལྔས་བརྒྱ་ན།། ཡེ་ཤེས་ཐུགས་རྗེ་སྤྲུབ་སྐུས་བརྒྱན།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཅིང་།། འཁྲུལ་ཚུལ་གྲོལ་ཚུལ་བསྟན་པ་ནི།། འཇམ་དཔལ་ཡེ་ཤེས་བརྒྱན་དུ་བཤད།། མཚན་གྱི་དོན་རྣམས་སྟོན་འགྱུར་ཞིང
6a3 རྒྱུད་ཀྱི་དགོངས་པ་མཚན་གྱི་རྫོགས།། མཚན་དོན་སྟོན་པས་འཇམ་དཔལ་ནི།། ཁང་ཁྱིམ་ཅིག་གི་ནང་དུ་བཤད།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ན་མཁའ་ལས།། རྩ་བའི་རྒྱུད་སྐོར་བཞི་བསྟན་པའི།
6a4 ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱི་ས་ནང་སྐོར་རྟོག་པ་ཡེ་ཤེས་ཀྱི་འཁོར་ལོ་འད་ཐུགས་ཀྱི་གས་པ་མཛོད་ཆེན་པོ་ནས་གསུངས་སོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི།། ཐིག་ལེ་མཐར
6a5 ཐུག་དགོངས་པ་ཡས།། བཞི་བཅས་ཐུགས་རྗེའི་ལྕགས་ཀྱུས་གཟུང་།། ཡེ་ཤེས་གསངས་འཁོར་ལོ་ཚེ།། སངས་རྒྱས་མཉམ་སྦྱོར་དགོངས་པར་བཅས།། སྲིད་པའི་འཁོར་ལོ་དང་པོ་ཡིན།། འཇམ་དཔལ་དྲི་མེད་སྙིང་ཡིས།། རྒྱུད་ཡུམ
6a6 མན་ངག་ཁོག་ཕུལ་ནས།། གཞུང་དུ་དྲིལ་བར་བྱ་བ་ཡང་།། སངས་རྒྱས་འདུས་པ་མན་ངག་རྒྱུད།། རྒྱུད་རྣམས་མན་ངག་ཐུགས་ཀྱི་གཏེར་ཀཱ་སྲིད་པའི་འཁོར་ལོ་བཤད་པ་ལས།། དྲ་མེད་སྙིང་པོའི་དགོངས་པ་ཡིན།། སྦུབས
6a7 གསུམ་དགོངས་པས་གཞི་བཟུང་ནས།། དེ་བཞིན་གཤེགས་པའི་ཆོས་ལྔ་དང་།། བྱང་ཆུབ་སེམས་དཔའི་ཆོས་བདུན་དང་།། ཏིང་འཛིན་ལྟ་བུའི་སྲོག་ཤིང་དྲུག། སྤྱན་རས་གཟིགས་ནི་སེང་གེ་སླ། སྲིད་པའི་འཁོར་ལོ་གསུམ་པ་ཡི
iiif viewer powered by OpenSeadragon
5b - 6b