e-texts navigator
Collection
Volume
Page
Wylie

5b1 ནང་དུ་བཤད་ན་དེ་ནས་འགྲོ་དོན་མཛད་པ་འི་སྐུ། འཇམ་དཔལ་དགོངས་པ་འདུས་པ་ནི།། གཟུག་སྐུ་མ་ལུས་འདིར་འདུས་པས།། ཞ་གྲོ་རྣམ་པ་གཉིསུ་གསུངས།། རིན་ཆེན་སྤྲུག་པའི་གཞལ་ཡས་ན།། ཞི་བའི་སངས
5b2 རྒྱས་བཞུགས་པ་དང་།། ཀླད་པ་དུང་ཁང་གཞལ་ཡས་ན།། ཁྲོ་བོའི་སངས་རྒྱས་གནས་པ་དང་། ཡེ་ཤེས་དབང་འསྐུར་གཅོད་པན་ཅན།། རྫོགས་པའི་སངས་རྒྱས་བརྒྱན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞིས
5b3 གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ།། འཇམ་དཔལ་དགོངས་པ་འདུས་པ་ནི།། ཁང་ཁྱིམ་གཅིག་གི་ནང་དུ་གསུངས།། དེ་ནས་གདམཱ་ངག་སྒོམ་པར་བྱ།། རང་བཞི་ལྷུན་གྲུབ་ཆོས་སྐུ་ལས།། ལོངས་སྤྱོད་རྫོ
5b4 སྐུ་རྩལ་དུ་ཤར།། གདུལ་བྱ་གདུལ་བྱེད་སྤྲུལ་པའི་སྐུ།། བྱེད་པ་སེམས་ཅན་ཀུན་དོན་བྱེད།། ཕན་འདོད་སེམས་ཅན་མཉེས་ཤི་པར།། བཟང་ངན་ཤེས་ཤིང་འདུས་ཤེས་ལ།། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན
5b5 འདུས་ཤེས་སེམས་ཅན་དབང་པོ་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། སྐུ་གསུམ་ཡེ་ཤེས་ལྔ་རྟོགས་པས།། རྟོགས་པ་མངོན་གྱུར་ཆོས་སྐུར་གནས།། ཉམས་ལེན་འཇམ་དཔལ་ཡེ་ཤེས་བརྒྱན།། ཁང
5b6 ཁྱིམ་གཅིག་གི་ནང་དུ་བཤད། དེ་ནས་མཚན་དོན་དགོངས་པ་ཡི།། འཇམ་དཔལ་དོན་ཡང་རས་བཤད་ན། ཡེ་ཤེས་ལུས་འཇམ་དཔལ་གྱི།། མིང་བརྗོད་པས་ནི་དོན་མེལ།། དག་པར་བྱེད་ཅིང་སྡིག་སེལ་བ།། མཚན་ནི
5b7 ཡང་དག་བརྗོད་པར་བཤད།། ཞིང་རྡོ་རྗེ་འཛིན་པ་དང་།། ཁྲོ་བོའི་དགོངས་པ་འདུས་ནི།། རྡོ་རྗེ་ཟང་མོ་འཛིན་ན་འཇིག། རྡོ་རྗེ་བློ་གྲོས་དོན་བཞིན་རིག། ས་དང་ཕ་རོལ་ཕྱིན་པ་ཡི།། དགོངས་པ་འདུས་པར་གྱུར་པས་ན།།




iiif viewer powered by OpenSeadragon

5a - 6a

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'