e-texts navigator
Collection
Volume
Page
Wylie

5a1 དམ་པ་ནི། མཚན་ཉིད་ལྡན་པ་སྤོས་ཀྱི་དགོས།། ནམ་ཡང་བྲ་མ་གྱུར་པ་ལ། དང་གུས་མོས་པ་བྱ་བ་ཡང་། མཆོད་འོས་བསྟོད་པ་ཕྱག་གི་གནས།། རྟག་ཏུ་རིམ་མོང་བྱ་བ་འི་འོས།
5a2 བསྐུར་འོས་བརྗོད་པར་བྱ་བའི་མཆོག། ཕྱག་བྱམ་འོས་པ་བླ་མ་ལི་རབ།། དེ་ནས་བླ་མ་དམ་པ་ལ།། དབང་སྐུར་ཞུ་བར་བྱ་བ་ཡང་།། རིག་པ་བརྩལ་གྱི་དབང་བསྐུར་ལས།། ཕྱིའི་དབང་བསྐུར་བྱ་བ་ནི།། རྡོ་རྗེ་རིན་ཆེན་དབང་བསྐུར
5a3 དཔལ། རན་ཆེན་ཀུན་བདག་དབང་ཕྱུག་སྟེ།། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན་གྱི་རྗེ།། ནང་གི་དབང་བསྐུར་བྱ་བ་ནི།། སྐུ་གསུ་པཐུགས་ལི་གྱིས་བརླབས།། སངས་རྒྱས་ཀུན་གྱི་ཐུགས་རྨེ་བ།། སངས
5a4 རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན།། གསང་བའི་དབང་སྐུར་བྱས་པ་ཡིས།། དོན་གྱི་ཐིག་ལེ་དཀར་མར་རྟོགས།། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བའི
5a5 དྲི་མེད་འོད།། ཆག་བྲལ་ལ་སོགས་ཆགས་པ་ཆེ།། ཁ་དོག་སྣ་ཚོགས་འབར་བའི་འོད།། དབང་སྐུར་བའི་འབྲས་བུ་ཡིས།། བདག་ཀྱང་སངས་རྒྱས་རྫུས་སྐྱེས་འཐོབ།། རྡོ་རྗེ་དཀྱིལ་དཀྲུངས་རྫོགས་སངས་རྒྱས།། སངས་རྒྱས
5a6 འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། དེ་ལྟར་མཐར་ཐུག་འབྲས་བུ་ནི།། ཐོབ་ནས་ཐེག་ཆེན་གཞན་དོན་མཛད།། འཁོར་བའི་སྡུག་བསྔལ་སེལ་འགྱུར
5a7 དཔེར་ན་སྨན་པ་ལྟར་འགྱུར་བ།། སྨན་པ་ཆེ་མཆོག་གཙོའོས་ཏེ།། ཟུག་པུ་འབྱིན་པ་བླ་ན་མེད།། སྣམ་རྣམས་མ་ལུས་ལྗོན་པའི་ཤིང་།། ནང་དུ་བཅོས་ཀྱི་དགྲ་མས།། དེ་ལྟར་རྩ་བའི་རྒྱུད་ཆེན་ནི།། ཁང་ཁྱིམ་ཅིག་གི




iiif viewer powered by OpenSeadragon

4b - 5b

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'