e-texts navigator
Collection
Volume
Page
Wylie

4b1 ཆོད། དོན་གྱི་ངོ་སྤྲོད་ཐག་ཆོད་ལ།། རྟགས་ཀྱི་ངོ་སྤྲོད་ཡིད་ཆེས་ཏེ།། དཔེའི་ངོ་སྤོད་པོ་ཤེས་པས།། དྨོའི་ཐེ་ཚོ་མཆོད་པ་ནི།། གྲོལ་བའི་དགོངས་པ་དམ་པའོ།། བར་དུ་ཡེ་ཤེས་སྐུ་མའི་སྦུབས།། སངས་རྒྱས་གཞི
4b2 བཅུ་རྩ་གཉིས་སྐུ།། ཆོས་ཀྱི་སྤྱན་གྱི་འཁོར་འདས་གཟིགས།། དག་པ་འཇིག་རྟེན་སྣང་བ་འདིར།། སྤྲུལ་པའི་སྐྱེ་གནས་འགྲོ་དོན་མཛོད།། འཁོར་བ་དག་ལས་གྲོལ་བ་ཡིན།། རྒྱུ་ལུས་མངོན་དུ་གྱུར་པ་ཡིན།། འཁོར
4b3 འདས་མངོན་སུམ་གཟིགས་པ་ཡིན།། ཆོས་སྐུ་རིན་ཆེན་གསང་བའི་སྦུབས།། ཡེ་ཤེས་མིག་ཅིག་དྲི་མ་མེད།། ཆོས་ལས་གྲོལ་བས་དགོངས་པ་ནི།། རྒྱུན་ཆད་མེད་པར་གནས་པས་ན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག
4b4 ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ཡང་དག་ཡེ་ཤེས་སྣང་བ་ཡིན།། ཕྱིནང་དཔགསང་བ་དང་།། གསང་ཆེན་མ་ལུས་བཤད་པ་དང་། རྩ་བར་གྱུར་པ་མ་ལུས་ཀུན།། བཅུ་གཉིས་མན་ངག་འདུས་པ་ཡིས།། བརྡལ་སྒྲ
4b5 ངེས་པའི་ཛ་ལོག་ཏུ།། མཁྱུད་བརྡའ་སྒྲ་ངེས་པ་དང་།། རྔ་ལོག་བཤད་པ་ལ་གནད་དུ་བསྟན།། ཞེས་སེམས་ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ན་མཁའ་ལས་གདམས་པའི་རྒྱུ་བསྐོར་བཞི་བསྟན་པའི་ལེའུ་སྟེ་གཉིས
4b6 པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཐིག་ལེགས་བསྐོར་གྱི་རྩ་བའི་རྒྱུད་བཞི་ཐུགས་གས་པཔ་ཆེན་པོའི་མཛོད་ནས་ཕྱུང་ངོ་།། དང་པོར་སློབ་མ་དང་ལྡན་གྱིས།། བླ་མ་དམ་པ་བསྟེན་པར་བྱ།།
4b7 སྲིད་པའི་དགོན་པ་ལ་རྒལ་བ།། སྟོན་པ་ཅིག་པུ་འགྲོ་བའི་བླ།། འཛིན་རྟེན་ཕྱོགས་བཅུ་ར་གྲགས་པ།། ཆོས་ཀྱི་སྦྱིན་བདག་ཆེན་པོ་སྟེ།། བྱམས་པའི་གོ་ཆ་བགོས་པ་སྟེ། སྙིང་རྗེ་ཡི་ནི་ལད་བཀོད།། དེ་ནས་བླ་མ




iiif viewer powered by OpenSeadragon

4a - 5a

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'