e-texts navigator
Collection
Volume
Page
Wylie

4a1 ཕྱོགས་ཆེན་པོ་མཛོད་ཀྱི་རྒྱུད།། ཡེ་ཤེས་ན་མཁའ་ལས།། མཛོད་རྩ་བའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་འརྡུལ་ངེས་པའི་ཏི
4a2 པེ་འཛིན་ལ་བཞུགས་ནས་འདི་གསུངསོ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན།། ཁོང་ནས
4a3 འབྱུང་བ་སྐྱེ་བ་མེད།། ཚགས་སུ་བརྗོད་པ་སྤངས་པ་སྟེ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཚིག་ཀུན་རབ་ཏུ་གསལ་བར་བྱེད།། ཡི་གེ་ཨའི་སྒྲ་འདི་ནི།། ཇེ་རྙེད་ཆོས་ཀྱི་རྩ་བར་གསུངས།། མ་རིག་སྒོ་ངའི་སྦུབས
4a4 འབྱེད་པ། སྲིད་པའི་དྲ་བ་འཐོས་པ་ལོ།། ཉོན་མོངས་མ་ལུས་ཞི་བར་བྱེད།། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན།། སྦུབས་ཞེས་བྱ་བའི་བརྡའ་འདི་ཡིས།། འཁོར་བ་འདི་ལས་གྲོལ་གྱུར་ནས།། མྱ་ངན་འདས་པའི་གོ་འཕངས
4a5 ཐོབ།། ངེས་པ་ལ་དོན་དུ་བཤད་པ་ནི།། དང་པོར་རྣམ་རྟོག་བག་ཆག་སྦུབས།། སྐུ་ནི་རྣམ་པ་གསུམ་དུ་གནས།། ཡེ་ཤེས་བཞི་རུ་གནས་པ་དང་།། ཤེས་རབ་སྤྱན་དང་ལྡན་པས་ན།། མ་དག་འཁྲུལ་པའི་སྣང་བ་ལ།། ལོངས་སྐུ
4a6 འདྲ་འཆག་ཕྱེད་སྐུ་ཡཾས།། མ་ཧཱ་ཡོ་གའི་སྤྲོད་བྱ།། བར་དོར་ལྔ་ལྡན་རྟོགས་པར་བྱེད།། སྤྲུལ་སྐུ་འོད་ཁྱིམ་ཁ་སྦྱོར་གྱིས།། ཨ་ནུ་ཡོ་གའི་ངོ་སྤྲོད་བྱ།། ཆོས་ཉིད་བར་དོར་རྫོགས་ལྡན་རྟོགས།། ཆོས་སྐུ་རིན་ཆེན
4a7 མན་ཤེལ་གྱིས།། ཨ་ཏི་ཡོ་གའི་ང་སྤང་བྱ།། རིན་ཆེན་སྦུབས་སུ་དགོངས་པ་སྐྱེལ།། ཐིག་ལེ་གསང་སྤྱོད་ཀྱིས།། སྐུ་གསུམ་འདུ་འབྲལ་མེད་པའི་དོན།། ཉི་མའི་སྙིང་པོ་དག་ལ་སྤང་།། རྫོགས་ལྡན་ཆེན་པོའི་དགོད་པ




iiif viewer powered by OpenSeadragon

3b - 4b

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'