e-texts navigator
Collection
Volume
Page
Wylie

3b1 རྣལ་འབྱོར་པས།། ཆོས་སྐུ་ཐིག་ལེ་ཉག་ཅིག་ལྟོགས།། ལྟ་བ་གནས་ལུགས་མ་ནོར་བ།། ཆོས་སྐུ་ཟང་ཐལ་ཆེན་པོ་ཡིན།། སྤྱོད་པ་མ་བཅོས་ལྷུག་པ་ཡི།། ཤུགས་འབྱུང་འགག་པ་མེད་པར་སྤྱད།། བསྒོམ།།
3b2 པ་དགོངས་པ་མ་ནོར་བ།། བྱིབ་རྒོད་མེད་པའི་དཔལ་གཞགས།། འབྲས་བུ་ཐོག་མའི་རངས་ཉིད།། འཁྲུལ། གཞིའི་ཐོག་ཏུ་སངས།། ལྷ་ལ་དཔག་བསམ་ཤིང་བུ་དང་།། གནོད་སྦྱིན་བུམ་པ་བཟང་པོ་དང་།། ཀླུ
3b3 ལ་ཡིད་བཞིན་ནོར་བུ་དང་།། སྣོད་འཛིམ་གྲུབ་པ་ལག་པ་བཞིན།། རྣམ་རྟོག་བག་ཆགས་སྦུབས་འདི་ན།། མ་རིག་སྒོལ་སྦུབས་ཕྱེ་བས།། རིག་པའི་ཡེ་ཤེས་རྙེད་པར་འགྱུར།། རང་བཞིན་པར་དོར་བདེན
3b4 པ་མཐོང་། ཏིང་འཛིན་པར་དོར་བརྟན་པ་ཐོབ།། ཆོས་ཉིད་བར་དོད་དྲན་པ་སད།། སྲིད་པའི་བར་དོར་ཡེ་ཤེས་སྦུབས།། སྲིད་པའི་དྲ་བ་འཇོམས་པའོ།། སྤྲུལ་པས་ཡིད་ལ་བསམ་པ་རྫོགས།། འགྲོ་དོན་མཀ?
3b5 རྫོགས་པ་ནི།། སྔར་འདྲིས་མི་དཔའ་ཕྲད་བཞིན་གྱུར།། མ་ནི་ཀུན་ཁྱབ་ཆེན་མོ་སྟེ།། བུ་ནི་རིག་པ་ཅིར་བུ་ཉིད།། སྔོན་གྱི་བག་ཆགས་གོམས་དབང་གི། དུད་འགྲོའི་བུ་ལྟར་ནུ་མ་འཚོལ།། ཡང་ན་རང་བཞིན་སྲོག་ཐོན
3b6 བྱེད། མའི་སྤང་དུ་པུ་འགྲོད།། མ་བུ་བརྡལ་འཇལ་མན་ངག་འདིས།། རིན་ཆེན་གསཧཱ་སྦུབས་ནང་དུ།། འདོད་པ་ཐམས་ཅད་རབ་ཏུ་འགྲུབ།། ཐོག་མའི་འབས་སླེབ་ཅེས་བྱ།། སྔོན་ལས་འཕྲལ་རྐྱེན་བརྩོན་འགྲུས
3b7 ཀྱིས།། སྐལ་ལྡན་རིག་ཀྱི་ཁུ་མཆོག་ཡིན།། འཇིག་རྟེན་བྱ་བ་བཏང་བྱས་ལ།། ཐོས། སམ་སྒོམ་པ་སྣ་ཚོགས་ཀྱིས།། ཇི་ལེགས་བསྐོར་སླབ་པར་ཅེས།། ཕྱི་རབ་ཀུན་ལ་གདམས་པར་བཞག། ཞེས་སེམས




iiif viewer powered by OpenSeadragon

3a - 4a

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'