e-texts navigator
Collection
Volume
Page
Wylie

2b1 གྱི་འདག། ཨེ་མ་གསཔབ་སྤང་བྱུང་ཆོས།། རྡོ་རྗེ་མགོན་པོ་ཐུགས་ཀྱི་མཆོག། ཀུན་གཞིའི་མཛོད་ཆེན་ཁ་ཆེ་ནས།། གཡས་ན་ཆོས་ཉིད་རང་བྱུང་རྩ།། གཡོན་ན་ཡོན་ཏན་དང་འབྱེད་རྩ།། འདུན་ན་ཡེ་ཤེས་རང་བྱུང་རྩ། རྒྱབ
2b2 ན་རང་རྒྱུད་ལས་ཀྱི་རྩ།། དབུས་ན་རྩ་བརྒྱད་འདུས་པར་གནས།། མི་ཟང་བརྒྱན་གྱི་འཁོར་ལོའི་སྐུ།། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས།། འདོད་ཁམས་རིགས་དྲུག་ས་བོན་དང་།། གཟུགས་ཁམས་བས་མཉན་ཨོཾ་གྱི་སྐུ།
2b3 གཟུགས་མེད་སྐྱེ་མཆེད་ཡི་གེ་ཨ།། མ་ལུས་སེམས་ཅན་ཐམས་ཅད་ལ།། གནས་པ་རྩའི་དཀྱིལ་འཁོར་དང་།། རྟེན་པ་བདུད་རྩི་ཐིག་ལེ། ཁམས།། གྲུབ་པ་སྔགས་ཀྱི་ངོ་ཟ་ཉིད།། སྙིང་པོ་རླུང་གི་ལས་རྣམས་རྫོགས།། མངོས་གསུམ། སངས
2b4 རྒྱས་ཆེ་བ་ནི། འབྱུང་བ་ལྔ་པོ་བཅོམ་ལྡན་འདས།། བདག་ཉིད་སངས་རྒྱས་ཆེ་བ་ནི།། རང་ལུས་འབྱུང་བ་བཅོམ་ལྡན་འདས།། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི།། འབྱུང་བ་ལྔ་ཉིད་ཆོས་ཀྱི་དབྱིངས།། དེ་ཡིན་སངས་རྒྱས་ཆེ་བ་ནི།། དམན་སངས
2b5 རྒྱས་གཞན་ན་མེད།། ཐམས་ཅད་སངས་རྒྱས་ཆེ་བ་ན།། འཁོར་འདས་མ་བཅོས་སངས་རྒྱས་ཉིད། སྟོང་པ་གསུམ་གྱི་སྤྲོས་བྲལ་དྲུག། དེ་ནི་ཆོས་ཉིད་ཐིག་ལེ་ཉིད།། མ་འགག་ཀུན་ཤར་སྤྲོས་མེད་དག། དབྱིངས་ཀྱི་ཐིག་ལེང་རང་གི་གནས
2b6 དབྱིངས་ཉིད་རྣམ་པར་དག་པ་ཡི།། ཐག་ལེ་གཟུང་འཛིན་དྲི་མ་བྲལ།། རང་གིས་འོད་གསལ་ཡོངས་མ་བཅོས།། ཡེ་ཤེས་ཆེན་པོའི་ཐིག་ལེར་གནས།། ཐམས་ཅད་ཀུན་ནས་རང་གནས་པས།། ཀུན་ཏུ་བཟང་པོ་ལ་ཐིག་ལེ་ཡིན།། འཁོམ
2b7 འདས་རྩ་བ་མེད་པ་ནི། ལྷུན་གྱིས་གྲུབ་པའི་ཐིག་ལེ་ཡིན།། འགྲོ་དྲུག་ཞེན་པའི་སྣང་བ་དྲུག། མུག་སྟེགས་ལོག་པའི་སྣང་བ་དང་།། རྒྱུ་འབྲས་བློའི་སྣང་ལ་དགུ།། དབྱེར་མེད་ཀུན་བཟངས་སྣང་བར་ཅིག། ཉོན་མོངས་བརྒྱད་ཁྲི་གཞི་སྟོང་གི།




iiif viewer powered by OpenSeadragon

2a - 3a

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'