e-texts navigator
Collection
Volume
Page
Wylie

11a1 མེད་སྙན་གྱི་མངོན་ཤེས་དང་།། མངོན་པར་ཤེས་པ་རྣམ་དྲུག། གདུལ་བྱ་ཡུལ་དུ་གཟིགས་པ་ཡིན།། སྟོང་པས་ཆོས་ཀྱི་སྐུ་ཡིན་ཏེ།། གསལ་བས་ལོངས་སྤྱོད་རྫོགས་པའི་སྐུ།། བདེ།
11a2 བས་ལོང་སྐུ་ཡུལ་དང་ལྡན།། མི་འགག་སྤྲུལ་པའི་སྐུ་རུ་སྣང་།། ཐོགས་པ་མེད་པས་འགྲོ་དོན་མཛད།། སྟོང་པས་ཆོས་དབྱིངས་ཡེ་ཤེས་ལ།། གསལ་མེ་ལོང་ལྟ་གུ་སྟེ།། བདེ་བས་སོ་སོར་རྟོག་པ་ལ།། མི་འགག
11a3 པས་ན་མཉམ་པ་ཉིད།། ཐོགས་མེད་ཁྱབ་གྲུབ་པའོ།། སྟོང་པས་སྟག་པའི་མཐའ་དང་བྲལ།། གསལ་བས་ཆད་པའི་མཐའ་དང་བྲལ།། བདེ་བས་སྟག་ཆད་གཉིས་སུ་མེད།། མི་འགག་མེད་པའི་མཐའ་དང་བྲལ།། ཐོགས་མེ
11a4 ཡོད་པའི་མཐའ་དང་བྲལ།། སྟོང་པ་ཡུལ་ཉིད་སྣང་སྟོང་དང་།། གསལ་བ་སེམས་ཉིད་གསལ་སྟོང་དང་།། བདེ་བས་ལུས་ཉིད་བདེ་སྟོང་དང་།། མི་འགག་སྟོང་པར་མི་གནས་ཏེ།། ཐོགས་མེད་སྣང་བ་ཐར་ཟུག་མེད།། སྟོང་པ་ཡུལ་ལས་གྲོལ
11a5 པ་དང་། གསལ་བ་སེམས་ལས་གྲོལ་བ་དང་།། བདེ་བ་ལུས་ལས་གྲོལ་བ་སྟེ།། མི་འགག་སྟོང་ལ་སྦྱད་པ་ཡིན།། ཐོགས་མེད་སྣང་བ་ཨ་མཐས་མིན།། སྟོང་པ་ཕུར་རྣ་ཉེ་བར་ཞི།། གསལ་བ་རྡོ་རྗེ་ཁྲོ་གདེང་མ།། བདེ་བ.རོ་ཟན་ཤན་ཏིང
11a6 ཉིད། མི་འགག་གཙུག་གི་རྒྱན་ཅིག་མ།། ཐོག་མེད་རླུང་གི་གཤོག་པ་ཅན།། སྟོང་པ་རྡོ་རྗེ་མཆུ་ཅན་གྱིས།། ཐོག་དང་འདྲ་བའི་མན་ངག་ཡན།། གསལ་བ་འདབ་ཆགས་རྒྱལ་པོ་ཡིས།། ཁྱུང་དང་འདྲ་བའི་གདམ་ངག་ཡིན།། བདེ་བ
11a7 ཚང་མ་དུད་འགྲིན་མ། མི་འགྱུར་གསེར་གྱི་གདམ་འངས་ཡིན།། མ་འགག་པར་ནི་འཆར་བ་ཡང་། སྐར་མདའ་ལྟ་བུའི་གདམ་ངག་ཡིན།། ཐོགས་པ་མེད་པར་འབྱུང་བ་ནི།། གངས་ལ་ཉི་མ་ཤར་བ་ཡིན།། སྟོང་པ་ངོ་སྤོད་ཡུལ་བཞིར




iiif viewer powered by OpenSeadragon

10b - 11b

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'