e-texts navigator
Collection
Volume
Page
Wylie

10b1 ལ་ན་ཁྱབ་པར་གནས།། སྤྱོད་པ་བྱང་ཆུབ་སེམས་ཡིན་ལ།། གསལ་བ་དྲི་ཆེན་བདུད་རྩིར་གནས།། བདེ་བ་པདྨ་རཀྟ་ཉིད།། མི་འགག་ཤེ་ཆེན་དམ་རྫས་ལ།། ཐོགས་མེད་དྲི་ཆུར་གནས་པ་རྣམས།། སངས་རྒྱས་རགྲས
10b2 ལྔའི་དམ་རྫས་དེ།། ཁམས་ཀྱི་བདུད་རྩི་ཆེན་པོ་ཉིད།། རྣལ་འབྱོར་འདུས་པ་ཀུན་རྫབ་གནས།། སྟོང་པ་མིའི་ཤ་རུ་བཤད།། གསལ་བ་གླང་པོའི་ཤ་ཡིན་ལ།། བདེ་བ་བ་གླང་ཤ་ཡིན་ཏེ།། མི་འགག་པ་ནི་རྟའི་ཤ།
10b3 ཐོགློ་མེད་བྱ་འམ་ཁྱི་ཤར་བཤད།། ཁམས་དགུ་འདུས་པ་དངས་མ་ནི།། རྣལ་འབྱོར་པ་ཡིས་ཉམ་སུ་བླངས།། བདུད་རྩིའི་གཏོར་མའི་མཆོད་པ་ནི།། རིག་འཛིན་བཀའ་སྲུངས་ཞི་ཁྲོ་མཆོད།། དེ་ནས་གདམས་ངག་གདབ་པར
10b4 བྱ་སྟོང་པ་ཧཱུཾ་གི་རང་བཞིན་ལ།། གསལ་བ་ཡི་གེ་ཨོཾ་ཡན་ཏེ།། བདེ་ལ་ཨའི་རྣམ་པ་ལ།། མ་འགག་པ་ནི་སྭ་ཡུ་གནས།། ཐོགས་པ་མེད་ཡ་གེ་ཧཱ།། སྟོང་པ་ལྷ་དང་ལྷ་མ་ཡིན།། ཨ་དཀར་སུ་སེར་གནས་པ་ཡིན།།
10b5 གསལ་བ་བྱོལ་སོང་དུད་ཁའི་དུ།། བདེ་བ་ཡ་དགས་ཏྲ་དམར་ལ།། མི་འགག་མིའི་མྲྀ་ལྡེང་དེ།། ཐོགས་མེད་དམྱལ་བའི་དྲི་ནག་པོ།། སྟོང་པས་ཉམཱ་ན་སེམས་ལ་འཆར།། གསལ་བས་གར་ནི་ལུས་ལ་འཆར།། བདེ
10b6 བས་སྔགས་ནི་ངག་ལས་འཆར།། མི་འགག་མཐོང་སྣང་ཡུལ་ལ་འཆང་།། ཐོགས་མེད་བག་ཆགས་རྨི་ལམ་འཆར།། རྣལ་འབྱོར་ཉམས་ནི་སྣང་བ་ཡིན།། ཐམས་ཅད་མ་ལུས་འཁོར་འདས་ཀྱིས།། ཉམས་སྣང་འདི
10b7 མ་པ་མ་གང་། སྟ་མས་ཐུགས་ཀྱི་ནི་ཤེས་དག་རྣམས་ཀྱི་མནི་ཤེས་ལ་འཡིད།། གསལབས་ལུས་ཀྱི་རྫུ་འཕྲུལ་ལམ་འདི་ས་སུན་གྱིས་ནི་ཤེས་མ།། མི་འཕག་སནས་ཀྱི་མ་ཤེས་སོ།




iiif viewer powered by OpenSeadragon

10a - 11a

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'