e-texts navigator
Collection
Volume
Page
Wylie

10a1 མེད། མི་འགག་དཀྱིལ་འཁོར་ལྷ་ཚོགས་རྣམས།། ཐོགས་པ་མེད་པར་འབྱིན་པའོ།། སྟོང་པ་རྣམ་ཤེས་ཕུང་པོ་ལ།། གསལ་བ་གཟུགས་ཀྱིས་ཕུང་པོ་ཉིད།། བདེ་བ་འདུ
10a2 ཤེས་ཕུང་པོ་ལ།། མ་འགག་ལ་ནི་ཚོང་བ་སྟེ།། ཐོགས་པ་མེད་པ་འདུ་བྱེད་དོ།། སྟོང་པ་ལུས་ཀྱི་དབང་པོ་ལ།། གསལ་བ་མིག་གི་དབང་པོ་ཉིད། བདེ་བ་ལྷའི་དབང་པོ་ཉིད།། མི་འགག་པ་ནི་སྣང་ཡིན
10a3 ལ། ཐོགས་པ་མེད་པ་རྣ་བའོ།། སྟོང་པ་ཉིད་ལ་གསལ་བ་འཚེང་།། བདེ་བ་མཆིན་པ་མི་འགག་མཁལ།། ཐོག་པ་མེད་པ་གློ་བའོ།། སྟོང་དྷ་རང་བྱུང་ཡེ་ཤེས་རྩ།། གསལ་བ་རྩ་བཞི་འདུས་པའི་མདོ།། བདེ
10a4 བ་རང་རྒྱུད་ལས་ཀྱི་རྩ།། མ་འགག་རང་བྱུང་ཆོས་ཉིད་རྩ།། ཐོག་པ་མེད་པ་ཡོན་ཏན་རྩ།། སྟོང་པ་ན་མཁའི་དངས་ལགས་འབྱེད།། གསལ་བའི་དངས་མའི་རྩེ།། བདེ་བ་མའི་དངས་མ་ལ།། མི་འགག་ཆུའི་དངས
10a5 མ་དེ། ཐོགས་མེད་རླུང་གི་དངས་མཱར་ཤར་།། སྟོང་པ་སྲོག་འཛན་རླུང་ཡིན་ལ།། གསལ་བ་ས་དང་འདྲེས་པའི་རླུང་།། བདེ་བ་མེ་དང་དྲོད་མཉམ་ལ།། མི་འགག་ཆུ་དཔ་འགྲོག་པའི་རླུང་།། ཐོགས་མེད་རླུང་གི་རླུང
10a6 དུ་བཤདསྟོང་པ་ལུས་ལན་མཁའ་རླུང་།། གསལ་བ་སྣ་ལ་སའི་རླུང་། བདེ་བ་མིགེ་ལ་མེའི་རླུང་།། མི་འགག་ལྕེ་ལ་ཆུའི་རླུང་།། ཐོག་མེད་སྣང་བར་རླུང་གི་རླུང་།། སྟོང་པ་ན་མཁའི་རྩ་གསུམ་ཉིད།། ཉི་མ་ཟླ
10a7 བར་ཡུལ།། གསལ་བ་སྤྲུལ་པའི་དཀྱིལ་འཁོར་ལ།། བདེ་བ་འགྱེན་པར་ལོངས་སྤྱོད་པས།། མི་འགག་སྙིང་ཁར་ཆོས་འཁོར་ཉིད།། ཐོགས་པ་མེད་པ་བདེ་ཆེན་སྤྱི།། གནས་པ་རྩའི་དཀྱིལ་འཁོད་ཀྱིས།། ལུས་ཀུན




iiif viewer powered by OpenSeadragon

9b - 10b

Texts on this page

Gbr008.12 - rdzogs pa chen po byang chub kyi sems mdzod kyi chos/ rtsa ba nam mkha' gnyis pa las/ ye shes nam mkha'